48831

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
བྲེ་ (1)
Part of speech མིང་ཚིག
Definition བོད་ཀྱི་ཤོང་ཚད་འཇལ་བའི་ཚད་གཞི་ཞིག་སྟེ། འདི་ལ་ཕུལ་དྲུག་ལ་བྲེ་གང་རྩིས་པའི་དྲུག་ཕུལ་ཟེར་བ་གཅིག་དང༌། ཕུལ་བདུན་ལ་བྲེ་གང་རྩིས་པའི་བདུན་ཕུལ་ཟེར་བ་ཞིག་བཅས་མི་འདྲ་བ་གཉིས་ཡོད། དེ་གཉིས་ཀྱི་ཁྱད་པར་འདིའི་མཇུག་ཏུ་གསལ་ཞིང༌། བྲེ་ཉི་ཤུ་ལ་ཁལ་གཅིག་ཏུ་རྩིས། ཡང་རྩི་སྲོལ་གཅིག་ལ་ནས་འབྲུ་ཆེ་བ་གཉིས། འབྲིང་བ་གཉིས། ཆུང་བ་གཉིས་བཅས་བསྡོམས་པའི་དྲུག་ལ་ཁམ་ཚིག་གང༌། ཁམ་ཚིག་དྲུག་ལ་སྟར་ཕུལ་གང༌། སྟར་ཕུལ་དྲུག་ལ་བྱ་སྒོང་གང༌། བྱ་སྒོང་དྲུག་ལ་མཁར་ཕུལ་གང༌། མཁར་ཕུལ་དྲུག་ལ་མཁར་བྲེ་གང༌། མཁར་བྲེ་ཉི་ཤུ་ལ་མཁར་ཁལ་གང༌། དེ་དེང་སང་གི་རྒྱ་མ་ལ་རྩིས་ན་རྒྱ་མ་ཉི་ཤུ་རྩ་བརྒྱད་ཡོད།
བྲེ་ (2)
Part of speech མིང་ཚིག
Definition བླ་བྲེ་ཞེས་པའི་ཚིག་བསྡུས་པ།
བྲེ་ (3)
Part of speech མིང་ཚིག
Definition ཐོག་གཡོགས། ཐོག་གཡབ། མཆོད་རྟེན་གྱི་སྟེང་དུ་བླ་བྲེའི་ཚུལ་དུ་ཡོད་པའི་སྟེང་གཡོགས་ལ། མཆོད་རྟེན་གྱི་བྲེ་ཞེས་པ་ལྟ་བུ། འདི་མཆོད་རྟེན་ཉི་མ་དང་ཆར་པ་སོགས་ལས་སྐྱོབ་བྱེད་ཀྱི་ཐོག་གཡོགས་ལ་ཟེར། བོད་བཟོའི་མཆོད་རྟེན་རྣམས་ཀྱི་བྲེ་ལ་ཐོག་གཡབ་ཀྱི་རྣམ་པ་གསལ་བར་མི་ཐོན་ཡང་། རྒྱ་གར་སོགས་ཀྱི་ནང་པའི་མཆོད་རྟེན་རྙིང་པ་དང་དེའི་རིས་མོ་རྙིང་པ་རྣམས་ལ་གསལ་བར་ཐོན་ཡོད། །མདོ་རྩ་བར་དེ་ལ་མཆོད་རྟེན་གྱི་པུ་ཤུ་ཞེས་ཐ་སྙད་གསུངས་ཡོད།
བྲེ་ (4)
Part of speech མིང་ཚིག
Definition སྣུམ་འཇལ་བྱེད་ཀྱི་ཟོ་བ།
བྲེ་ (5)
Part of speech མིང་ཚིག
Definition སྐར་མ་ཆུ་སྟོད།
བྲེ་ (1)
Part of speech བྱ་ཚིག
Definition ཁང་པ་སོགས་ཀྱི་ཀླད་ངོས་སུ་ཡོལ་བ་དང་བླ་བྲེ་སོགས་བཀོད་འགྲེམ་བྱས་པའི་དོན།
Transitive བྱ་བྱེད་ཐ་དད་པ།
Future [བྲེ།, ལྷ་ཁང་རབ་གནས་ལ་རྒྱན་སྣ་ཚོགས་བྲེ་བར་བྱ།]
Present [བྲེ།, དར་གདུགས་བྲེ་བྱེད།]
Past [བྲེས།, དར་གདུགས་སོགས་རྒྱན་བྲེས་ནས་མཛེས་པར་བྱས།]
Imperative [བྲེས།, མཛེས་པའི་དར་གདུགས་རྒྱན་བྲེས་ཤིག་ལྟ་བུ།]