From Rangjung Yeshe Wiki - Dharma Dictionary
Jump to navigation
Jump to search
བྲེའུ་ཆུང་ (1)
| Part of speech
|
མིང་ཚིག
|
| Definition
|
འབྲུ་རིགས་འཇལ་བྱེད་ཀྱི་མ་ག་དྷཱའི་བྲེའུ་ཆུང་གང་ལ། མ་ག་དྷཱའི་སྲང་བཅུ་དྲུག་ཡོད། རྣམ་འབྱེད་འགྲེལ་ལས། ཏིལ་དང་ཉུངས་ཀར་བྲེའུ་ཆུང་གང་ལ་མ་ག་དྷཱའི་སྲང་བཅུ་དྲུག་གོ །ཞེས་གསུངས།
|
བྲེའུ་ཆུང་ (2)
| Part of speech
|
མིང་ཚིག
|
| Definition
|
སྣུམ་དང་འོ་མ་སོགས་འཇལ་བྱེད་ཀྱི་མ་ག་དྷཱའི་བྲེའུ་ཆུང་གང་ལ། མ་ག་དྷཱའི་སྲང་སུམ་ཅུ་རྩ་གཉིས་ཡོད། རྣམ་འབྱེད་འགྲེལ་ལས། འོ་མ་དང་ཞོ་བྲེའུ་གང་ལ་ནི་མ་ག་དྷཱའི་སྲང་སུམ་ཅུ་རྩ་གཉིས་སོ། །ཞེས་གསུངས།
|