48896

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
བྲོ་བརྡུང་དགོན་ (1)
Part of speech མིང་ཚིག
Definition གྲུབ་ཐོབ་ཀུ་ཀུ་རི་པའི་རྣམ་འཕྲུལ་རྗེ་མཚུངས་མེད་རྔུ་པ་ཆོས་ཀྱི་རྡོ་རྗེས་བཏབ། རྒྱལ་བ་ཀཿཐོག་པའི་སྙན་བརྒྱུད་གདམས་པའི་མཛོད་འཛིན་གྲུབ་བརྙེས་གོང་མ་རྣམས་སྦས་གནས་འདིར་རེས་མོས་ཀྱི་ཚུལ་དུ་ཕེབས་ཏེ་སྒྲུབ་པ་ཉམས་བཞེས་མཛད། འཆད་ཉན་གྱི་བསྟན་པ་རིམ་བཞིན་སྐྱོང་བ་ལས་དམིགས་བསལ་གྱི་འགན་འཛིན་འདི་ཞེས་བྱ་བ་ལོ་རྒྱུས་ཡིག་ཆ་ལས་མ་མཐོང་བས་དེ་གར་བཞག ཕྱིས་སུ་གཅུང་དམ་པ་བཀྲ་ཤིས་འོད་ཟེར་མཆོག་གི་གཏེར་ཆེན་བདུད་ཀློང་ཟུང་གི་བཀའ་གཏེར་ཡོངས་རྫོགས་ཀྱི་སྨིན་གྲོལ་ཕྱག་ལེན་དང་བཅས་པའི་རྒྱུན་དར་རྒྱས་སུ་སྤེལ། རྗེ་དབོན་ཡེ་ཤེས་ཕུན་ཚོགས། སྤྲུལ་སྐུ་བསོད་ནམས་མཆོག་གྲུབ། སྔགས་ནག་འགྱུར་མེད་རང་བྱུང་རྡོ་རྗེ། འགྱུར་མེད་ཨོ་རྒྱན་ངེས་དོན་བསྟན་འཛིན་སོགས་ཀྱིས་སྔ་ཕྱིར་བསྐྱངས། ཕྱི་ལོ་ ༡༩༨༥ ཡས་མས་སུ་ཀཿཐོག་མཁན་པོ་རྒྱལ་མཚན་འོད་ཟེར་གྱིས་བླ་མ་ལེགས་བློ་སོགས་ལ་བྲོ་བརྡུང་དགོན་བསྐྱར་གསོ་དགོས་ཚུལ་གསུང་པ་བཞིན། སྐྱ་སེར་རྣམས་ཀྱིས་རྟེན་དང་བརྟེན་པ་བཅས་གསར་བཞེངས་བྱས། དགོན་པའི་ཚེས་དུས་མཆོད་དང་རྣམས་ཀཿཐོག་པའི་ཕྱག་སྲོལ་ལྟར་བཙུགས།