4894

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ཁྲོ་ཆུ་བདེ་ཆེན་དགོན་ (1)
Part of speech མིང་ཚིག
Definition ཁྲོ་ཆུ་བདེ་ཆེན་དགོན་ནི། ཐེག་མཆོག་ཤེས་རབ་རྒྱལ་མཚན་གྱིས་བཏབ། ཤེས་རབ་རྒྱལ་མཚན་གྱིས་བཤད་སྒྲུབ་ལས་གསུམ་གྱི་རྒྱལ་བསྟན་རིན་པོ་ཆེ་མཐའ་འཁོབ་ཀྱི་ཡུལ་དུ་སྤེལ་ཞིང་འགྲན་ཟླ་དང་བྲལ་བའི་མཛད་རྗེས་བཞག། རྗེས་སུ་ཀཿཐོག་དྲི་མེད་ཞིང་སྐྱོང་མགོན་པོ་དགོན་འདིར་བྱོན་ནས། གྲུབ་ཆེན་བརྒྱད་ཅུ་མཚོན་བྱེད་ཀ་བ་བརྒྱད་ཅུ་ཡོད་པའི་གཙུག་ལག་ཁང་བཞེངས། དགོན་ཡུལ་ཀུན་ལ་ཆོས་ཀྱི་འཁོར་ལོ་མང་དུ་བསྐོར། དེ་རྗེས་ཀཿཐོག་སི་ཏུ་ཆོས་ཀྱི་རྒྱ་མཚོ་བྱོན་ནས། ཟླ་བ་དྲུག་བཞུགས། ཁྲོ་ཆུ་རྒྱལ་པོས་སྦྱིན་བདག་གནང་སྟེ། ཞི་བ་བཞི་བཅུ་ཞེ་གཉིས་མཚོན་པའི་ཀ་བ་བཞི་བཅུ་ཞེ་གཉིས་ཅན་གྱི་འདུ་ཁང་གཅིག་གསར་དུ་བཞེངས། དབང་དང་གདམས་ཁྲིད་མང་དུ་གནང་།