48982
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | ༡ རླུང་གི་གནས་སུ་མཁྲིས་པ་ཞུགས་པ། ༢ རླུང་གི་གནས་སུ་བད་ཀན་ཞུགས་པ། ༣ རླུང་གི་གནས་སུ་དེ་གཉིས་ཀ་ཞུགས་པ། ༤ མཁྲིས་པའི་གནས་སུ་རླུང་ཞུགས་པ། ༥ མཁྲིས་པའི་གནས་སུ་བད་ཀན་ཞུགས་པ། ༦ མཁྲིས་པའི་གནས་སུ་དེ་གཉིས་ཀ་ཞུགས་པ། ༧ བད་ཀན་གྱི་གནས་སུ་རླུང་ཞུགས་པ། ༨ བད་ཀན་གྱི་གནས་སུ་མཁྲིས་པ་ཞུགས་པ། ༩ བད་ཀན་གྱི་གནས་སུ་དེ་གཉིས་ཀ་ཞུགས་པ་དང་དགུའོ། །སྔ་མའི་ནད་དེ་རང་མ་ཞི་བར་ཕྱི་མ་གཞན་གཅིག་གི་སྟོབས་སུ་གྱུར་པ་གཞན་དུ་ལྡོག་པ་སྟེ། ༡ རླུང་མ་ཞི་བར་མཁྲིས་པར་ལྡོག་པ། ༢ རླུང་མ་ཞི་བར་བད་ཀན་དུ་ལྡོག་པ། ༣ རླུང་མ་ཞི་བར་དེ་གཉིས་ཀར་ལྡོག་པ། ༤ མཁྲིས་པ་མ་ཞི་བར་རླུང་དུ་ལྡོག་པ། ༥ མཁྲིས་པ་མ་ཞི་བར་དེ་གཉིས་ཀར་ལྡོག་པ། ༦ མཁྲིས་པ་མ་ཞི་བར་བད་ཀན་དུ་ལྡོག་པ། ༧ བད་ཀན་མ་ཞི་བར་མཁྲིས་པར་ལྡོག་པ། ༨ བད་ཀན་མ་ཞི་བར་རླུང་དུ་ལྡོག་པ། ༩ བད་ཀན་མ་ཞི་བར་དེ་གཉིས་ཀར་ལྡོག་པ་དང་དགུའོ། །མཚན་ཉིད་མི་མཐུན་པའི་ནད་སྣ་གཉིས་སུ་འདོམ་ནས་འཐབ་པ་ནི། ༡ རླུང་གིས་མཁྲིས་ཡུལ་འཕྲོག་ནས་བད་ཀན་དང་འཐབ་པ། ༢ རླུང་གིས་བད་ཀན་གྱི་ཡུལ་འཕྲོག་ནས་མཁྲིས་པ་དང་འཐབ་པ། ༣ རླུང་རང་ཡུལ་བཟུང་ནས་དེ་གཉིས་དང་འཐབ་པ། ༤ མཁྲིས་པས་རླུང་ཡུལ་འཕྲོག་ནས་བད་ཀན་དང་འཐབ་པ། ༥ མཁྲིས་པས་བད་ཡུལ་འཕྲོག་ནས་རླུང་དང་འཐབ་པ། ༦ མཁྲིས་པས་རང་ཡུལ་བཟུང་ནས་དེ་གཉིས་ཀ་དང་འཐབ་པ། ༧ བད་ཀན་གྱིས་རླུང་ཡུལ་འཕྲོག་ནས་མཁྲིས་པ་དང་འཐབ་པ། ༨ བད་ཀན་གྱིས་མཁྲིས་ཡུལ་འཕྲོག་ནས་རླུང་དང་འཐབ་པ། ༩ བད་ཀན་གྱིས་རང་ཡུལ་བཟུང་ནས་དེ་གཉིས་ཀ་དང་འཐབ་པ་དང་དགུ་བཅས་སོ། ། |
| Domain | གསོ་རིག |