48993

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
བླ་གོའི་བླ་སར་འཇམ་དབྱངས་རྒྱ་མཚོ་ (1)
Part of speech མིང་ཚིག
Definition རབ་བྱུང་བཅུ་གསུམ་པའི་ཆུ་ཕག་ཕྱི་ལོ་ ༡༨༠༣ ལོར་མདོ་སྨད་དུ་ཡབ་བླ་མ་སྐྱབས་དང་། ཡུམ་འགྲོ་སྐྱིད་ཀྱི་སྲས་སུ་འཁྲུངས། དུས་འཁོར་གྲྭ་ཚང་གི་ཆོས་སྒོར་ཞུགས། དཀའ་རམས་བར་དུ་དགོན་པ་དེར་བཞུགས། ཚོགས་བསགས་རབ་འབྱམས་པའི་མཚན་བཏགས་བླངས། ཐོས་བསམ་གླིང་ནས་བསྡུས་གྲྭ བློ་རྟགས། ཐལ་ཕྲེང་ཡོངས་རྫོགས་ཐུགས་འཛིན་མཛད། བཀའ་པོད་ལྔ་ལ་མཐར་ཕྱིན་པ་སྦྱངས། རྡོ་རམས་པའི་མཚན་བཏགས་ཀྱང་བཞེས། སྡེ་ཁྲི་རིན་པོ་ཆེ་ལས་དགེ་སློང་བསྒྲུབས། བཀའ་ཆོས་ཀྱང་མང་དུ་གསན། གྲྭ་ཚང་གི་དགེ་བསྐོས་མཛད། ཀ་མདོ་སོགས་སུ་བཞུགས་ནས་མདོ་སྔགས་ཀྱི་འཆད་ཉན་བསྐྱངས། དྲུག་ཅུ་པ་རབ་བྱུང་བཅུ་བཞི་པའི་ཆུ་ཁྱི་ཕྱི་ལོ་ ༡༨༦༢ ལོར་བླ་བྲང་བཀྲ་ཤིས་འཁྱིལ་གྱི་ཁྲིེར་བཞུགས། འཆད་ཉན་ལོ་གཅིག་རིང་བསྐྱངས། ཁྲི་ཟུར་རྗེས་མཚན་སྒྲོགས་དགོན་གྱི་ཁྲི་བ་གནང་། རེ་གསུམ་པ་རབ་བྱུང་བཅུ་བཞི་པའི་ཤིང་གླང་ཕྱི་ལོ་ ༡༨༦༥ ལོར་མཚན་སྒྲོགས་དགོན་དུ་སྐུ་གཤེགས། བླ་བྲང་བཀྲ་ཤིས་འཁྱིལ་གྱི་གདན་རབས་ལྔ་བཅུ་བ་ཡིན།