49003
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | རབ་བྱུང་དྲུག་པའི་ཤིང་ཕོ་སྤྲེལ་ལོ་སྟེ་ཕྱི་ལོ་ ༡༣༤༤ ལོར་ཞ་ལུ་ཁང་གསར་དུ་ཡབ་འཇམ་དབྱངས་དོན་ཡོད་རྒྱལ་མཚན་དང་། ཡུམ་ཡོན་ཏན་དཔལ་འབུམ་གཉིས་ཀྱི་སྲས་སུ་འཁྲུངས། ཆུང་དུས་ཀྱི་མཚན་ལ་ཟླ་བ་རྒྱལ་མཚན་འབོད། ཡི་གེའི་སྦྱོར་ཀློག་སོགས་བྱང་ཆུབ་པར་མཛད། གཞོན་དུས་ནས་བླ་མ་དམ་པ་བསོད་ནམས་རྒྱལ་མཚན་དང་། བླ་མ་མཉམ་མེད་པ་སོགས་བསྟེན། ཡབ་མེས་ཀྱི་ཆོས་ཀུན་ཐུགས་ལ་མངའ་མར་མཛད། བསམ་ཡས་སོགས་སུ་བླ་མ་དམ་པ་བསོད་ནམས་རྒྱལ་མཚན་གྱི་གསུང་འབུམ་ཕྱོགས་བསྒྲིགས་མཛད། བཙུན་མོ་མ་གཅིག་ནམ་མཁའ་རྒྱལ་མོ་ཁབ་ཏུ་བཞེས། རིགས་སྲས་བསྐྲུན་ཡང་། བླ་མ་དམ་པ་བསོད་ནམས་རྒྱལ་མཚན་ལས་རབ་ཏུ་བྱུང་ཞིང་། བསྙེན་པར་རྫོགས། མཚན་ལ་ཀུན་དགའ་རྒྱལ་མཚན་ཞེས་གསོལ། གོ་ཇོ་དཔོན་པོས་གདན་དྲང་པ་ལྟར་ཁམས་སུ་བྱོན། ཆོས་འཁོར་བསྐོར་ཏེ། གདུལ་བྱ་རྣམས་སྨིན་གྲོལ་གྱི་ལམ་དུ་བཀོད། གདན་ས་ཆེན་པོའི་ཤིང་ཁང་བླ་བྲང་དུ་ཕེབས། བཤེས་གཉེན་མང་པོར་བླ་མ་དམ་པ་བསོད་ནམས་རྒྱལ་མཚན་གྱི་གསུང་འབུམ་རྣམས་ཀྱི་ཞལ་ལུང་དང་། གསང་སྔགས་ཟབ་མོའི་དབང་ལུང་མན་ངག་བཅས་བཀའ་ཆོས་བསྩལ། དོན་ལྔ་པ་རབ་བྱུང་བདུན་པའི་ས་ཁྱི་ཕྱི་ལོ་ ༡༤༡༨ ལོར་ཤབ་སྡིངས་སུ་སྐུ་གཤེགས། ས་སྐྱའི་རིན་ཆེན་སྒང་བླ་བྲང་གི་གདན་རབས་གཉིས་པ་ཡིན། |