49006

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
བླ་ཆེན་བསམ་རྒྱལ་ཁ་ཆེ་ (1)
Part of speech མིང་ཚིག
Definition ཁོང་ནི། ཡར་འབྲོག་ཏུ་སྐུ་འཁྲུངས། སྒྲུབ་བོན་ནུས་པ་ཅན་ནང་པའི་ཆོས་ལུགས་སུ་འགྱུར་ནས། ཆོས་རྗེ་ཀུན་དགའ་སེངྒེའི་ (ཆོས་རྗེ་ཀུན་དགའ་སེངྒེའི་ནི་རབ་བྱུང་ལྔ་པའི་ཤིང་སྟག་ ༡༣༡༤ ལོར་སྐུ་བལྟམས) ཞབས་ཀྱི་པདྨོར་ཡུན་རིང་པོར་བསྟེན་ཅིང༌། དཔལ་ཡེ་ཤེས་ཀྱི་མགོན་པོས་སྐྱེ་བ་བདུན་རྗེས་སུ་བཟུང་བས། མི་དང་མི་ལབ་པ་ལྟར་ཕྲིན་ལས་བསྒྲུབས་ཤིང་ནུས་པའི་མངའ་བདག་ཆེན་པོར་བཞུགས། བར་སྐབས་སུ་གདན་ས་བསྐྱངས་ཤིང༌། འདིས་མཛད་པའི་ཆོས་རྗེ་ཀུན་དགའ་སེངྒེའི་རྣམ་ཐར་ཡང་ཡོད། རང་ལུགས་ཀྱི་ཁྲིད་གདམས་ངག་ཐམས་ཅད་ལ་ཤིན་ཏུ་བཀའ་དྲིན་ཆེ་བ་ཡིན་ནོ། །