4901

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ཁྲོ་ཕུ་བཀའ་བརྒྱུད་ (1)
Part of speech མིང་ཚིག
Definition འགྲོ་མགོན་ཕག་མོ་གྲུ་པའི་སློབ་མ་རིན་པོ་ཆེ་རྒྱལ་ཚ་རིན་ཆེན་མགོན་གྱིས་ཁྲོ་ཕུར་དགོན་པ་བཏབ་ནས་གནས་གཞི་བཟུང་སྟེ། སློབ་བརྒྱུད་མང་དུ་བྱུང་བ་ལ་ཁྲོ་ཕུ་བཀའ་བརྒྱུད་ཟེར། དེ་ནས་རིམ་པར་དབོན་པོ་ཀུན་ལྡན་རས་པ་ཞི་བ་ཚུལ་ཁྲིམས་དང༌། ཁྲོ་ཕུ་ལོ་ཙཱ་བ་བྱམས་པའི་དཔལ། ཁྲོ་ཕུ་སེམས་དཔའ་ཆེན་པོ་བསོད་ནམས་སེང་གེ། མ་ཅིག་རེ་མ། དར་མ་བྱང་ཆུབ་སོགས་བྱུང༌། བཀའ་བརྒྱུད་འདིའི་བྱུང་ཚུལ་མདོར་བསྡུས་དེབ་སྔོན། ཆོས་འབྱུང་མཁས་པའི་དགའ་སྟོན་སོགས་ན་གསལ།