49013

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
བླ་དྭགས་ (1)
Part of speech མིང་ཚིག
Definition སྔར་མེད་ཕྱིས་སུ་བཏགས་པའི་མིང་སྟེ། དཔེར་ན་ཁྱི་ཕྲུག་ལ་སེངྒེ་ཞེས་པ་མིང་བླ་དྭགས་ཡིན་པ་བཞིན་ནོ། །སྒྲ་བཤད་ནི། བླ་ནི་ཕྱི་མའི་དོན་ཡིན་ལ། དྭགས་ནི་བཏགས་པའི་དོན་ཡིན་པས། ཕྱིས་སུ་བཏགས་ཞེས་པའི་དོན་ཡིན། བླ་ཞེས་པ་ཕྱི་མ་ལ་འཇུག་པ་ནི། དཔེར་ན་རྒྱུད་ཕྱི་མ་ལ། རྒྱུད་བླ་མ་ཞེས་པ་ལྟ་བུས་མཚོན་ནོ། །
བླ་དྭགས་ (2)
Part of speech མིང་ཚིག
Definition ངག་སྒྲོན་འགྲེལ་པར། མིང་བཏགས་པའམ་ཐོགས་པའི་དོན་ལའང་བཤད།
བླ་དྭགས་ (3)
Part of speech མིང་ཚིག
Definition ལ་དྭགས་ཀྱི་འབྲི་ཚུལ་གཞན། དགེ་འདུན་ཆོས་འཕེལ་གྱིས་དེབ་དཀར་དུ་ལ་དྭགས་ལ་བླ་དྭགས་ཞེས་བྲིས་ཡོད།