4903

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ཁྲོ་བ་ (1)
Part of speech མིང་ཚིག
Definition མངོན་པ། ཁྲོ་བ་ཞེས་པ། ཀུན་ནས་མནར་སེམས་པའི་དངོས་པོ་དགུ་གང་རུང་ཉེ་བར་གནས་པ་ན་བརྡེག་པ་སོགས་གནོད་པ་བྱ་འདོད་པའི་ཀུན་ནས་མནར་སེམས་པའི་སེམས་བྱུང་ཞིག་ལ་ཟེར། དེ་ལྟར་ཡང། འཕགས་པ་ཐོགས་མེད་ཀྱིས་མཛད་པའི་མངོན་པ་ཀུན་བཏུས་ལས། ཁྲོ་བ་གང་ཞེ་ན། གནོད་པར་བྱེད་པའི་རྒྱུ་ཉེ་བར་གནས་པ་ན་ཁོང་ཁྲོ་བའི་ཆར་གཏོགས་པའི་སེམས་ཀྱི་ཀུན་ནས་མནར་སེམས་པ་སྟེ། མཚོན་ཆ་ལེན་པ་དང། ཆད་པས་གཅོད་པ་ལ་སོགས་པ་དང་། གནོད་པ་ཤོམ་པའི་རྟེན་བྱེད་པའི་ལས་ཅན་ནོ། །ཞེས་གསུངས། ཀུན་ནས་མནར་སེམས་པའི་དངོས་པོ་དགུ་ནི། འདིས་བདག་ལ་གནོད་པ་བྱས་སོ། །བྱེད་དོ། །བྱེད་པར་འགྱུར་རོ་སྙམ་པ་གསུམ། འདིས་བདག་གི་གཉེན་གྱི་ཕྱོགས་ལ་གནོད་པ་བྱས་སོ། །བྱེད་དོ། །བྱེད་པར་འགྱུར་རོ་སྙམ་པ་གསུམ། འདིས་བདག་གི་དགྲའི་ཕྱོགས་ལ་ཕན་བཏགས་སོ། །འདོགས་སོ། །འདོགས་པར་འགྱུར་རོ་སྙམ་པ་གསུམ་ཏེ་དགུའོ། །ཁོང་ཁྲོ་རྩ་ཉོན་དང་ཁྲོ་བ་ཉེ་ཉོན་གྱི་སྐབས་སུ་བྱུང་བས་དེ་གཉིས་ལ་ཁྱད་པར་གང་ཞེ་ན། ཁོང་ཁྲོ་ནི་ཡུལ་གསུམ་ལ་དམིགས་ཡུལ་དུ་ཤར་བ་ན་སེམས་མི་བཟོད་པར་ཀུན་ནས་མནར་སེམས་པ་ཡིན་ལ། ཁྲོ་བ་ནི་གནོད་པའི་རྒྱུ་ཉེ་བར་གནས་པ་ན་ཁོང་ཁྲོ་ཆེར་འཕེལ་ཏེ་ལུས་ཀྱི་བརྡེགས་པ་སོགས་བྱ་འདོད་པའི་སེམས་ཤིན་ཏུ་འཁྲུགས་པ་ཞིག་ལ་བརྗོད་པས་ཡིན་ནམ་སྙམ།
Domain ཆོས་ལུགས།
ཁྲོ་བ་ (2)
Part of speech མིང་ཚིག
Definition ཉེ་ཉོན་ཉི་ཤུའི་ནང་གསེས་ཤིག་སྟེ། གནོད་སེམས་དང་རྣམ་པར་འཚེ་བ་མ་གཏོགས་པ་སེམས་ཅན་དང་སེམས་ཅན་མ་ཡིན་པ་ལ་ཀུན་ནས་མནར་སེམས་པ་གང་ཡིན་པའོ། །གཞན་ཡང་འདི་ཉིད་སྒོམ་པས་སྤང་བྱ་ཁོ་ན་དང་རང་དབང་ཅན་ཡིན་ཏེ། སྒོམ་སྤང་གི་མ་རིག་པ་ཙམ་དང་མཚུངས་པར་ལྡན་པའི་ཕྱིར་རོ། །དེ་བཞིན་དུ་འདི་ཉིད་འདོད་པའི་ཁམས་ན་སྤྱོད་པ་ཁོ་ན་ཡིན་ལ། ངོ་བོ་ནི་མི་དགེ་བ་ཡིན་ནོ། ། མིང་གི་རྣམ་གྲངས་ལ་ཁོང་ཁྲོ་དང༌། ཁྲོས་པ། འཁྲུགས་པ། མངོན་འཇོམས། སྡང་སེམས། མི་བཟོད་པ། ཚིག་པ་ཟ་བཅས་སོ། །