49044

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
བླ་བྲང་རྒྱལ་མཚན་མཐོན་པོ་ (1)
Part of speech མིང་ཚིག
Definition རྒྱལ་དབང་སྐུ་ཕྲེང་དང་པོ་རྗེ་དགེ་འདུན་གྲུབ་པས་རབ་བྱུང་བརྒྱད་པའི་མེ་ཡོས་ཕྱི་ལོ་ ༡༤༤༧ ལོར་བཀྲ་ཤིས་ལྷུན་པོ་ཕྱག་འདེབས་མཛད་ཅིང་། རྗེ་ཉིད་ཀྱི་བཞུགས་གནས་བླ་བྲང་གསར་སྐྲུན་གནང་ཞིང༌། ནུབ་གཅིག་རྗེ་ཉིད་ཀྱི་མནལ་ལམ་མཚན་ལྟས་སུ་བླ་བྲང་གི་རྩེ་མོར་རྒྱལ་མཚན་བཅུ་གཅིག་བཙུགས་པ་ཞིག་རྨིས་པ་ལ་བརྟེན་ནས་མིང་དེ་ལྟར་བཏགས་པར་གྲགས་ལ། རྗེས་སུ་བོད་རབ་བྱུང་བཅུ་པའི་ལྕགས་གླང་ཕྱི་ལོ་ ༡༦༠༡ ལོར་པཎ་ཆེན་སྐུ་ཕྲེང་བཞི་པ་བློ་བཟང་ཆོས་ཀྱི་རྒྱལ་མཚན་གདན་ས་བཀྲ་ཤིས་ལྷུན་པོའི་ཁྲིར་མངའ་གསོལ་བ་ནས་བཀྲས་ལྷུན་འདི་ཉིད་པཎ་ཆེན་སྐུ་ཕྲེང་རིམ་བྱོན་གྱི་སྐྱོང་ཡུལ་གདན་སར་གྱུར་པ་དང་ཆབས་ཅིག་བླ་བྲང་རྒྱལ་མཚན་མཐོན་པོ་དེ་ཡང་པཎ་ཆེན་སྐུ་ཕྲེང་ན་རིམ་གྱི་བཞུགས་གནས་བླ་བྲང་ལྟ་བུར་གྱུར་པ་ཡིན། རྒྱལ་དབང་སྐུ་ཕྲེང་དང་པོ་དང་། པཎ་ཆེན་སྐུ་ཕྲེང་བཞི་པ་ནས་པཎ་ཆེན་སྐུ་ཕྲེང་རིམ་བྱོན་ཕེབས་ཤིང་རི་བོ་དགེ་ལྡན་པའི་བླ་བྲང་ཆེ་གྲས་གཉིས་པ་ཡིན།