49051

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
བླ་མ་གྲུབ་ཆེན་ཡུ་མོ་ (1)
Part of speech མིང་ཚིག
Definition འགྲོ་མགོན་ཆེན་པོ་གནམ་ལ་རྩེགས་ཀྱིས་རྗེས་སུ་བཟུང་པ་སྒྲུབ་ཆེན་ཡུ་མོ་ནི། འཁྲུངས་ཡུལ་གངས་དཀར་ཏེ་སེའི་རྩར། མི་ཆོས་ལ་བསྟོད་པ་གདུང་རྔན། ཡབ་ཁྲོམ་པ་བྱ་བ་དང་ཡུམ་མཚན་ལྡན་མ་གཅིག་གི་སྲས་སུ་སྐུ་འཁྲུངས། ཆུང་དུས་ན་དོན་མོ་རིའི་སེ་སྟོན་སྒྲ་ཆེན་འཛིན་དང་། བན་སྟོན་ཐོས་པ་དགའ་ལ་ཆོས་ཉན་པས། མཚན་ཡང་ཡུ་མོ་ཞེས་བཏགས། དེ་ནས་སྤས་དགེ་མཐོང་ལ་དབུ་ཚད་ཀྱང་གསན། དུས་དེ་ཙ་ན་བོད་ཀྱི་འདུལ་འཛིན་ལ་བླ་མ་སོག་ཆེན་པོ་ལས་ཆེ་བ་མེད་པར་གྲགས་པ་ཁོང་གི་མདུན་དུ་བྱོན་ནས་འདུལ་བ་ཉན་ཅིང་བསླབས། སོག་ཆེན་པོ་བ་ནི་སྤུ་རངས་པའི་སློབ་མ་ཡིན་པས་སྤྱོད་ཕྱོགས་ཀྱང་མཁས་པས་དེར་བསླབས་ཤིང་། གསང་སྔགས་ལ་མོས་ནས་ཧེ་བཛྲ་དང་སྔགས་ཆུང་འདྲ་བསླབས། གཞན་ཡང་དབུས་སུ་ཕེབས་ཏེ་ཁམས་པ་སྟིའུ་བ་ལ་དང་ཁ་ཆེ་ཟླ་བ་མགོན་པོ་སོགས་ཀྱི་དྲུང་ནས་ཆོས་མང་དུ་གསན། དེ་ལྟར་བླ་མ་དམ་པས་རྗེས་སུ་བཟུང་བའི་སྐྱེས་བུ་དམ་པ་དེ་ནི། བཤེས་གཉེན་བཞི་ལས་སྦྱངས་པས། འདུལ་བ་འཛིན་པ་ཆེན་པོར་གྲགས་པ། ཁོང་དགུང་ལོ་ལྔ་བཅུ་ནས་བརྒྱད་ཅུའི་བར་དུ་དམ་པའི་ཆོས་དར་ཞིང་རྒྱས་པར་མཛད་ནས་ཐུགས་དགོངས་ཡོངས་སུ་རྫོགས་སོ། །མགོན་པོ་ལྷ་ཆེན་དཔལ་འབར་དམ་ལ་ཐོགས་ཏེ་ལས་བྱེད། ཐམས་ཅད་འཕྲིན་ལས་བཀའ་བཞིན་བྱེད། བླ་མ་བྲག་དཀར་བ་ལ་སོགས་པ་གྲུབ་ཐོབ་ཀྱི་སློབ་མ་མང་དུ་བྱུང་སྐད།