49055

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
བླ་མ་ཆོས་སྐུའི་སྒྲུབ་ཐབས་ (1)
Part of speech མིང་ཚིག
Definition ཐུགས་བསྒྲུབ་ཡང་སྙིང་འདུས་པའི་ནང་ཚན། བླ་མ་སྐུ་གསུམ་སྒྲུབ་པ་ལས། བླ་མ་ཆོས་སྐུའི་སྒྲུབ་ཐབས་ཏེ། གཏེར་གཞུང་གི་མཇུག་ཏུ། བླ་མའི་སྒྲུབ་ཐབས་བྱེ་བ་དཔག་མེད་ཀྱང༔ སྙིང་ཁྲག་ཡང་ཞུན་འདི་ཟབ་ཡོད་རེ་ཀན༔ སྤྲོས་མེད་ཚེ་འདི་བློས་གཏོང་སྙིང་གི་བུ༔ ལས་ཅན་ཚུལ་བཞིན་བསྒྲུབ་པའི་གཅིག་ཆོག་ཆོས༔ ལྔ་བཅུ་ཁ་རལ་བསྟན་པའི་མར་ཤམ་དུ༔ རཏྣའི་མིང་ཅན་ཁྱོད་དང་འདི་འཕྲད་ཤོག༔ ཅེས་པ་ལྟར། གཏེར་ཆེན་རཏྣ་གླིང་པས་གཏེར་ནས་གདན་དྲངས། འདིའི་ནང་དོན་ལ། སྔོན་འགྲོའི་སྦྱོར་བ་གཞུང་ལས་བྱུང་བ་ལྟར་བྱ་ཞིང་། དངོས་གཞིར་བསྐྱེད་རིམ་སྒོམ་པ་སྔོན་དུ་བཏང་ཞིང་གསོལ་བ་འདེབས་པ་དང་། རྗེས་དབང་བཞི་བླངས་ཤིང་ཐུགས་ཡིད་བསྲེས་ནས་གཉིས་མེད་ཐུགས་རྒྱུད་འཕོས་པའི་ངང་ལ་ནམ་མཁའ་བཞིན་དུ་གསལ་མདངས་བཞག་པའི་སྒོ་ནས་བླ་མ་ཆོས་སྐུའི་སྒྲུབ་ཐབས་བསྟན། གཏེར་ཆོས་ཀྱི་མཇུག་བྱང་དུ། བསྙེན་པ་ལས་སྦྱོར་གཉིས་ཤོག་སེར་ལོག་ནས་བྲིས་པ་ཡིན༔ སྒྲུབ་པ་འདི་འཕྲ་མེན་གྱི་ཆུ་ཡིག་གུ་རུའི་ཕྱག་ཡིག་དངོས་ལས་བཤུས་པའོ༔ ༔ཞེས་གསལ།

{{#arraymap:བླ་མ་ཆོས་སྐུའི་སྒྲུབ་ཐབས་

|; |@@@ | | }}