49057
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | བླ་མ་ཏེ་ལོ་ནི་དུས་རབས་བཅུ་པའི་ནང་བྱུང་བའི་རྒྱ་གར་གྱི་གྲུབ་ཆེན་ཞིག་སྟེ། པཎ་ཆེན་ནཱ་རོ་པའི་བླ་མ་ཡིན། མཚན་དངོས་ཤེས་རབ་བཟང་པོར་གསོལ། དེས་ནུབ་ཕྱོགས་སོ་མ་པུ་རིའི་གཙུག་ལག་ཁང་དུ་ཞབས་ལ་ལྕགས་སྒྲོག་གསོལ་ནས་ལོ་བཅུ་གཉིས་སུ་སྒྲུབ་པ་མཛད་པའི་མཐར་བླ་མ་ལྷའི་ལུང་བསྟན་ལྟར་སྨད་འཚོང་མའི་གཡོག་མཛད་ནས་ལམ་གྱི་རྟོགས་པ་སྦྱངས་པས་གྲུབ་ཆེན་པོའི་ས་བརྙེས་ཤིང་། དོ་ཧ་རྡོ་རྗེའི་གླུ་དབྱངས་གསུངས་པ་ཙམ་གྱིས་གྲོང་ཁྱེར་འབུམ་ཕྲག་བཅུ་གཉིས་ཀྱི་སྐྱེ་བོ་གྲོལ་བོར་གྲགས། སློབ་མ་གྲུབ་པ་ཐོབ་པ་བརྒྱད་ཀྱིས་ཀྱང་འགྲོ་བའི་དོན་དེ་དེ་བཞིན་མཛད། ཏེ་ལོ་བ་ཁོང་ལ་མིའི་བླ་མ་མེད་དེ། སངས་རྒྱས་རྡོ་རྗེ་འཆང་དངོས་ལས་གསང་སྔགས་རྒྱུད་སྡེ་བཞིའི་གདམས་པ་གསན་ཞིང་། རྡོ་རྗེ་རྣལ་འབྱོར་མས་སྙན་བརྒྱུད་ནོར་བུ་སྐོར་གསུམ་གྱི་མཛོད་གཏད་པས་གདམས་པའི་བཅུད་ཐམས་ཅད་འདུས་པར་གྲགས། |