49069

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
བླ་མ་དྲག་པོའི་ནང་སྒྲུབ་ཡང་སྙིང་རྡོ་རྗེའི་ཕྲེང་བ་ (1)
Part of speech མིང་ཚིག
Definition བླ་མ་དྲག་པོའི་ནང་སྒྲུབ་ཡང་སྙིང་རྡོ་རྗེའི་ཕྲེང་བ། ཞེས་བྱ་བ་སྟེ། གཏེར་གཞུང་ལས། བདག་ཉིད་པདྨ་འབྱུང་གནས་ཀྱང༔ རྡོ་རྗེ་འཆང་དང་བཀའ་ཡང་བསྒྲོས༔ ཡི་དམ་ལྷ་དང་སྐལ་བར་མཉམ༔ ཆོས་བདག་མཁའ་འགྲོས་ལུང་ཡང་བསྟན༔ བོད་ཡུལ་ས་འོག་གཏེར་གཅིག་ལ༔ ཐུགས་སྒྲུབ་དྲག་པོའི་ཡང་སྙིང་འདི༔ ད་ལྟ་མངའ་བདག་ཆོས་རྒྱལ་དང༔ ནམ་སྙིང་མཆོག་དབྱངས་ལང་འགྲོ་ལ༔ གཏད་དེ་མ་འོངས་ཕྱི་མའི་ཚེ༔ ལས་ཅན་སྐྱེས་བུ་གཅིག་ལ་གཏད༔ ཅེས་པའི་ལུང་བསྟན་བཞིན། གཏེར་ཆེན་རཏྣ་གླིང་པས་མཁར་ཆུ་ཕུག་རིང་ནས་སྤྱན་དྲངས། འདིའི་ནང་དོན་ལ། སྔོན་འགྲོར་གནས་ཕུན་སུམ་ཚོགས་པར་ཆོས་རྫས་ལེགས་པར་བཤམ་པ་དང། བདག་ཉིད་ལྷར་བསྐྱེད་པ་དང་། རྩ་བའི་དཀྱིལ་འཁོར་བསྐྱེད་པ་གཉིས་ཀྱི་སྒོ་ནས། དངོས་གཞིར་བསྙེན་བསྒྲུབ་ཀྱི་རིམ་པ་བསྟན་ཅིང་། རྗེས་ཀྱི་ལས་སྦྱོར་འཕྲོ་འདུས་ཀྱི་དྲག་སྔགས་བཟླ་བ་བཅས་གསུམ་གྱི་སྒོ་ནས་བླ་མ་དྲག་པོའི་ནང་གི་བསྒྲུབ་པའི་ལས་ཆོག་བསྟན།