49090
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | གཏེར་ཆེན་རཏྣ་གླིང་པས་ས་ཕོ་སྟག་གི་ལོ་སྟོན་ཟླ་ར་བའི་ཚེས་བཅུ་ལ་རྒྱ་གར་སིངྒ་ལའི་ཡུལ་ལག་དམྱལ་གྱི་རོད་གུ་རུའི་དགེ་བསྙེན་རྒྱ་རྗེ་ཟངས་པ་རིའི་ལྷོ་ཕྱོགས་བསམ་གྲུབ་གླིང་གི་གཟིམ་ཁང་དུ་མཛད་པའི་ཁྲིད་ཡིག་ཅིག་ཡིན། ཡི་གེ་པ་ནི་ཨོ་ཕྱོགས་ཀྱི་བླ་མ་ཆོས་ལྡན་པ་དང་། ཡར་འབྲོག་གི་སློབ་དཔོན་ཤེས་རབ་བཟང་པོས་བྱས། ཞེས་གསལ། འདིའི་ནང་དོན་བརྗོད་བྱ་ནི། མདོ་རྒྱུད་དུ་མ་ནས་རྒྱལ་བ་ཐམས་ཅད་ཀྱི་ངོ་བོ་བླ་མ་ཡིན་པར་བསྟན་ནས་སྔོན་འགྲོ་དངོས་གཞི་རྗེས་གསུམ་གྱི་སྒོ་ནས་བླ་མ་དེ་སྒྲུབ་ཚུལ་བསྟན་པའོ། །བླ་མ་མོས་གུས་གྱི་ཁྲིད་ཡིད་བཞིན་གྱི་ནོར་བུ་འདི་ནི་དམྱལ་ཆོས་སྒྲོའི་བླ་མ་ཆོས་རྒྱ་མཚོ་ལ་སོགས་པས་ཡང་དང་ཡང་དུ་སྐུལ་བའི་ངོར་ཨོ་རྒྱན་ཆེན་པོའི་གསུང་འཛིན་པ་དུས་མཐའི་གཏེར་སྟོན་གནས་ལུགས་རྫོགས་པ་ཆེན་པོའི་རྣལ་འབྱོར་པ་རཏྣ་གླིང་པས་སྦྱར་བའོ། ། |