49095
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | བླ་མ་ཡིད་བཞིན་ནོར་བུའི་ཐུགས་ཁྲིད་ཡིད་བཞིན་ནོར་བུ། ཞེས་བྱ་བ་སྟེ། གཏེར་གཞུང་དུ། ཨོ་རྒྱན་ཆེན་པོའི་གསུང་བཞིན་བདག་འདྲ་མཚོ་རྒྱལ་གྱིས་མི་བརྗེད་པའི་གཟུངས་ཐོབ་ཏེ༔ ཨ་ཙ་ར་ས་ལེས་ཡི་གེར་བཏབ་པའོ༔ ༔ཞེས་གསལ། གཏེར་ཆེན་རཏྣ་གླིང་པས་མཁར་ཆུ་ཕུག་རིང་ནས་གདན་དྲངས། འདིའི་ནང་དོན་ལ། སྔོན་འགྲོ་དངོས་གཞི་རྗེས་གསུམ་གྱི་སྒོ་ནས་སྐལ་ལྡན་སྙིང་གི་བུ་ལ་བླ་མ་ཡིད་བཞིན་ནོར་བུའི་ཐུགས་ཁྲིད་ཇི་ལྟར་ཉམས་སུ་ལེན་ཚུལ་བསྟན། |