49097
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | དུས་རབས་བཅུ་གསུམ་པའི་དཀྱིལ་དུ་རྒྱལ་ཚ་འབུམ་གྱི་སྲས་སུ་འཁྲུངས། ཚོགས་ཆེན་མཁན་པོ་བསོད་ནམས་དཔལ་སོགས་ལས་བསྙེན་པར་རྫོགས། གཅེན་པོ་རིན་ཆེན་བླ་མ་འཇམ་དབྱངས་དང་། རྔོག་པ་རིན་ཆེན་བཟང་པོ། དགའ་ལྡན་བླ་མ་ཀུན་དགའ་བསོད་ནམས། ཡང་དགོན་རིན་པོ་ཆེ་བྱང་ཆུབ་དཔལ་བཟང་པོ་བཅས་ལས་མདོ་སྔགས་རིག་གནས་དང་། བོད་ཀྱི་གྲུབ་མཐའ་སོ་སོའི་བཞེད་སྲོལ་ཀུན་ལ་དཔྱིས་ཕྱིན་པར་སྦྱངས། རབ་བྱུང་ལྔ་པའི་ས་ཡོས་ཕྱི་ལོ ༡༢༧༩ ལོར་རོ་སྐམ་དགོན་པའི་གདན་སར་བཞུགས། གདན་ས་ལོ་ངོ་ཉེར་བརྒྱད་རིང་བསྐྱངས། སྒོམ་སྒྲུབ་ཉམས་ལེན་མཛད། རོ་སྐམ་དགོན་པའི་གདན་རབས་ལྔ་པ་ཡིན། |