49104
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | གཏེར་ཆེན་རཏྣ་གླིང་པའི་ཐུགས་བསྒྲུབ་ཡང་སྙིང་འདུས་པའི་ནང་ཚན། བླ་མ་སྐུ་གསུམ་སྒྲུབ་པ་ལས། བླ་མ་ལོངས་སྐུའི་སྒྲུབ་ཐབས་ཏེ། གཏེར་གཞུང་ལས། བདག་འདྲ་པདྨ་འབྱུང་གནས་ཀྱིས༔ རྩ་བ་སྐུ་གསུམ་ཡེ་ཤེས་ལྔ༔ ཐུན་མོང་གསང་མཚན་བརྒྱ་རྩ་བརྒྱད༔ ཁྱད་པར་མཆོག་གི་མཚན་བརྒྱད་སོགས༔ གང་ལ་གང་འདུལ་དེར་བསྟན་ནས༔ དགོས་འདོད་སྒྲུབ་ལུགས་དཔག་མེད་བརྩམས༔ ཁྱད་པར་ལོངས་སྐུའི་སྒྲུབ་ཐབས་ནི༔ སྙིང་ཕྱུང་ལག་མཐིལ་དག་ཏུ་བཀོད༔ ལས་ཅན་གཅིག་དང་འཕྲད་པར་ཤོག༔ ཅེས་དང་། གཏེར་གཞུང་གི་མཇུག་ཏུ། ཨེ་མ་འཛམ་གླིང་ཀུན་ཏུ་གཏེར་ཁ་ཇི་སྙེད་སྦས༔ ཀུན་ལས་ཁྱད་འཕགས་སྙིང་ཁྲག་དྭངས་མའི་སྐོར༔ དཀར་པོ་གླིང་བྲན་དམྱལ་མོ་ཆུ་ཡི་ལུང་༔ དགེ་རིའི་བྲག་དམར་གསང་བའི་དབང་ཕུག་སྦས༔ ལས་ཅན་ཐུགས་ཀྱི་སྲས་དང་འཕྲད་པར་ཤོག༔ ཨུ་རྒྱན་གསུང་བཞིན་ནམ་མཁའི་སྙིང་པོས་བྲིས༔ མ་འོངས་དུས་མཐར་འགྲོ་དོན་དཔག་མེད་ཤོག༔ ཅེས་པ་ལྟར། གཏེར་ཆེན་རཏྣ་གླིང་པས་གཉལ་སྨད་དགེ་རིའི་བྲག་ནས་གདན་དྲངས། གཏེར་ཆོས་ཀྱི་མཇུག་ཏུ། སྤྲང་བན་རཏྣ་གླིང་པའི་གཏེར་མའོ༔ ༔འཕྲ་མེན་གྱི་ཆུ་ཡིག་དཀྱུས་མཐོ་གང་དང་ཞེང་སོར་གཉིས་པ་གཅིག་ལས་བཤུས་པའོ༔ ༔ཞེས་གསལ། འདིའི་ནང་དོན་ལ། གཏེར་གཞུང་ལས༔ བླ་མ་ལོངས་སྐུར་བསྒྲུབ་པ་ནི༔ སྔོན་འགྲོ་རྟེན་བཅའ་བ་ལ་སོགས་ཚར་ནས༔ དངོས་གཞི་བསྙེན་སྒྲུབ་ལས་ལ་སྦྱར་བ་དང་གསུམ༔ ཞེས་པ་ལྟར། སྔོན་འགྲོར་རྟེན་བཅའ་བ་སོགས་སྤྲུལ་སྐུའི་སྒྲུབ་ཐབས་དང་མཚུངས་ཤིང་། དངོས་གཞིར་བསྙེན་སྒྲུབ་བྱ་བ་དང་། སྒྲུབ་པ་བྱ་དང་། ལས་སྦྱོར་ཚེའི་བསྒྲུབ་པ་བཅས་ཀྱི་སྒོ་ནས་བླ་མ་ལོངས་སྐུའི་སྒྲུབ་ཐབས་བསྟན། |
| Domain | ཆོས་ལུགས། |