49108

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
བླ་མ་ལྷ་རྗེ་སྒོམ་པ་ (1)
Part of speech མིང་ཚིག
Definition བླ་མ་ལྷ་རྗེ་སྒོམ་པ་མཆོག་ནི། འཕན་ཡུལ་གྲབ་ཏུ་སྐུ་འཁྲུངས། གྲབ་སྒོམ་དཀོན་མཆོག་སྲུངས་ཞེས་བྱ་བ་གསང་སྔགས་ཕ་རྒྱུད་སྐོར་ལ་ཤིན་ཏུ་མཁས་པ་དེས་འབྱོར་པ་ཐམས་ཅད་བསྡུས་པས་གསེར་སྲང་དྲུག་བྱུང་སྟེ་བླ་མའི་ཕྱག་ཏུ་ཕུལ། དར་ཡུག་གིས་རང་གི་མགྲིན་པ་ནས་བཏགས་ནས་རང་གི་ལུས་བླ་མའི་ཕྱག་ཏུ་ཕུལ་ཏེ། ཅི་གསུང་གི་གཡོག་བགྱིས་སོ། །གཞན་ཡང་སྨན་མཁྱེན་པས། འགྲོ་དོན་ཆེ་ཞིང་། བླ་མའི་ཐུགས་ཟིན། ཇི་ལྟར་གསུངས་པ་ལ་ཅུང་ཟད་ཀྱང་མི་གཡོ་བར་བསྒྲུབས་པས། མཉེས་ཏེ་གཞུང་དང་གདམས་ངག་མ་ལུས་པར་གནང་། དེས་གཞུང་བཤད་ཙམ་མ་མཛད་དེ། སྒྲུབ་པ་ཁོ་ན་གཙོ་བོར་མཛད་པས་ཡི་དམ་གྱི་ལྷ་ཚོགས་རྣམས་ཀྱི་ཞལ་མངོན་སུམ་དུ་གཟིགས་ཤིང་། རྫོགས་རིམ་གཉིས་སུ་མེད་པའི་ཡེ་ཤེས་ནང་རྟགས་དང་བཅས་པ་མཐར་ཕྱིན་པ་མངའ་བ་ཡིན་ནོ། །