49113

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
བླ་མ་སྤྲུལ་སྐུའི་སྒྲུབ་ཐབས་ (1)
Part of speech མིང་ཚིག
Definition གཏེར་ཆེན་རཏྣ་གླིང་པས་གཉལ་སྨད་དགེ་རིའི་བྲག་ནས་བཏོན་པའི་ཐུགས་བསྒྲུབ་ཡང་སྙིང་འདུས་པའི་ནང་ཚན། བླ་མ་སྐུ་གསུམ་སྒྲུབ་པ་ལས། བླ་མ་སྤྲུལ་སྐུའི་སྒྲུབ་ཐབས་ཏེ། འདིའི་ནང་དོན་ལ། གཏེར་གཞུང་ལས། བདག་འདྲ་པདྨ་འབྱུང་གནས་ཀྱིས༔ ངོ་བོ་སྐུ་གསུམ་ཕྲིན་ལས་ལྔ༔ ཐུན་མོང་གྲགས་པའི་མཚན་བརྒྱད་ལ༔ བརྟེན་ནས་སྒྲུབ་ལུགས་དཔག་མེད་བརྩམས༔ ཀུན་ཀྱང་ཡང་ཟབ་སྙིང་རྩེ་ཡིན༔ ཁྱད་པར་གསང་བ་སྒྲུབ་པ་འདི༔ ས་འོག་ཀུན་གྱི་གཏེར་གཅིག་མའོ༔ བླ་མ་སྐུ་གསུམ་སྒྲུབ་པ་ལས༔ དང་པོ་སྤྲུལ་སྐུའི་སྒྲུབ་ཐབས་བསྟན༔ རེ་རེ་ལ་ཡང་སྦྱོར་དངོས་རྗེས༔ གསུམ་གསུམ་བྱ་བ་གཞུང་དུ་གསལ༔ ཞེས་པ་ལྟར། སྦྱོར་བ་མཆོད་རྫས་བཤམས་ཤིང་བདེ་བའི་སྟན་ལ་འདུག་སྟེ་ལས་བྱང་གཞུང་བསྲང་བ་དང་། དངོས་གཞི་ཤིན་ཏུ་ཟབ་པའི་སྙིང་པོ་བསྙེན་པ་རྡོ་རྗེའི་བཟླས་པ་བྱས་ཏེ། རྗེས་བསྙེན་སྒྲུབ་ཀྱི་རྟགས་ཐེམས་དྲོད་ཐོབ་ནས་གང་ལ་གང་འདུལ་གྱི་ཕྲིན་ལས་རྣམ་བཞི་བསྒྲུབ་པར་བྱ་བའི་སྒོ་ནས་བླ་མ་སྤྲུལ་སྐུའི་ཐབས་བསྟན།

{{#arraymap:བླ་མ་སྤྲུལ་སྐུའི་སྒྲུབ་ཐབས་

|; |@@@ | | }}