From Rangjung Yeshe Wiki - Dharma Dictionary
Jump to navigation
Jump to search
བླ་མཁྱེན་ (1)
| Part of speech
|
མིང་ཚིག
|
| Definition
|
བྱ་ར་བྱེད་མཁན་གྱི་མིང་སྟེ། འདུལ་བའི་གླེང་འབུམ་གྱི་མིང་བརྡའི་རྣམ་བཤད་ལས་བླ་མཁྱེན་ནི་བཙུན་མོའི་འཁོར་གྱི་སྤྱན་ནོ་ཞེས་འབྱུང་བས་སྤྱན་ནི་སྤྱན་པ་སྟེ། བྱ་ར་བྱེད་མཁན་ནམ་ལྟ་རྟོག་པའི་མིང་ངོ་ཞེས་གསུངས།
|
བླ་མཁྱེན་ (2)
| Part of speech
|
མིང་ཚིག
|
| Definition
|
འབྱུང་རྩིས་ལུགས་ཀྱི་ལོ་ཟླ་ཞག་དུས་སུ་རྒྱུ་བའི་ས་བདག་གི་རིགས་མིའི་ལུས་ཀྱི་རྣམ་པ་ཅན། ལྕགས་ཀྱི་མདའ་གཞུ་འཕངས་ནས་སྐྱེ་འགྲོའི་ལས་ལ་ཀོ་ལོང་དང་། ཕྲག་དོག་བྱེད་པའི་འབྱུང་པོ་ཞིག
|
བླ་མཁྱེན་ (3)
| Part of speech
|
མིང་ཚིག
|
| Definition
|
བླ་མ་ལ་གསོལ་བ་འདེབས་པའི་ཚིག་ཅིག
|
བླ་མཁྱེན་ (4)
| Part of speech
|
མིང་ཚིག
|
| Definition
|
རྩིས་མཁན་གྱི་མིང་།
|
བླ་མཁྱེན་ (5)
| Part of speech
|
མིང་ཚིག
|
| Definition
|
བླ་མའི་དགེ་རྒན་གྱི་མིང་།
|
| Type
|
ཡུལ་སྐད།
|