49137
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | སྔགས། ཨ་ནུ་ཡོ་ག རྙིང་མ། འདི་བླ་མའི་རང་བཞིན་ཉེར་ལྔ་ཞེས་ཀྱང་བྱ། མདོ་དགོངས་པ་འདུས་པ་ལས་གསུངས་པའི་བླ་མ་དམ་པའི་མཚན་ཉིད་དམ་ཡོན་ཏན་ཉེར་ལྔ་སྟེ། ཐུགས་བརྟན་པ་དང། སེམས་རབ་དྭངས་པ་དང། ཁོང་དུལ་བ་དང། ཚད་མེད་ཡངས་པའི་བློ་གྲོས་མངའ་བ་དང། རྐྱེན་ཐུབ་པ་དང། བཟོད་པ་ལྡན་པ་དང། ཀུན་ཏུ་དྲང་བ་དང། གསོང་པོར་སྤྱོད་པ་དང། གྱ་གྱུ་མེད་པ་དང། ཐབས་ཀྱིས་མི་འཇིགས་སྣ་ཚོགས་སྦྱིན་པ་དང། བུའི་སྒྲིབ་པ་འཇོམས་པའི་དཔའ་བོ་དང། རང་བཞིན་དང་སྦྱངས་པའི་རྩལ་གྱིས་མཐུར་ལྡན་པ་དང། བརྩོན་འགྲུས་ཆེ་བ་དང། མཁྱེན་རབ་གསལ་བས་སློབ་མས་འདོད་པ་བཞིན་དུ་འབྱུང་བས་མཁྱེན་པ་རྒྱ་ཆེ་བ་དང། སྲིད་པ་གསུམ་གྱིས་རང་གི་མོས་པས་ཞུས་ཀྱང་དགོངས་པའི་ཀློང་རྡོལ་བས་ཟད་མི་ཤེས་པ་མངའ་བ་དང། ཇི་ལྟར་བརྟགས་ཤིང་ཡོན་ཏན་ཕྱི་ཕྱིར་འབྱུང་བས་སློབ་མས་མི་དཔོག་པའམ་ཟད་པ་མེད་པ་དང། དོན་དང་མཐུན་པར་བདེན་པར་སྨྲ་ཞིང་ཚིག་རྗེས་ཚིག་གིས་གསོབ་སྟེ་མི་འགྱུར་བ་བཅས་ཉི་ཤུ་རྩ་ལྔའོ། ། |
| Domain | ཆོས་ལུགས། |