49143

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
བླ་མེད་ཀྱི་དབང་བཞི་ (1)
Part of speech མིང་ཚིག
Definition སྔགས། རྣལ་འབྱོར་བླ་མེད་རྒྱུད། བླ་མེད་ཀྱི་དཀྱིལ་འཁོར་ཆེན་པོར་ཞུགས་པ་ལ། མི་བསྐྱོད་པ་ཆུ་དབང་ནས། རྡོ་རྗེ་སློབ་དཔོན་གྱི་དབང་གི་བར་བདུན་ལ་བུམ་པ་ཆུའི་བྱ་བ་འཇུག་པས་བུམ་དབང་དང་། དབང་རྫས་ཀྱི་སྒོ་ནས་མིང་དུ་བཏགས་པ་གསང་དབང་དང་། རྟེན་ཤེས་རབ་མའི་སྒོ་ནས་མིང་དུ་བཏགས་པ་ཤེས་རབ་ཡེ་ཤེས་ཀྱི་དབང་དང་། གྲངས་བཞི་བྱུང་བས་མིང་དུ་བཏགས་པ་དབང་བཞི་བ་མཐའ་བརྟེན་དང་བཅས་པ་རྣམས་ཡོངས་སུ་རྫོགས་པར་བླང་བྱ་ཡིན་པའི་ཕྱིར་རོ། །ཞེས་པཎ་ཆེན་ངག་ཆོས་ཀྱི་སྡོམ་གསུམ་རྣམ་བཤད་ཟླ་འོད་ནོར་བུ་ལས་སོ། །
Domain ཆོས་ལུགས།