49189

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
བླ་སྐར་ (1)
Part of speech མིང་ཚིག
Definition རྒྱུ་སྐར་ཉེར་བརྒྱད་ལས་བརྩི་བྱ་སོ་སོར་བྱེ་བྲག་ཏུ་བཟང་བའི་སྐར་མ་སྟེ། དེ་ནི་བརྩི་བྱ་སོ་སོའི་རང་ལོ་གང་ཡིན་ལ་བརྟེན་པ་ཡིན་པས། རང་ལོ་བྱི་བ་ཡིན་པའི་བརྩི་བྱའི་བླ་སྐར་ཆུ་སྟོད་དང་། གླང་དང་རྟ་ཡིན་པའི་བརྩི་བྱའི་བླ་སྐར་ལྷ་མཚམས། སྟག་ཡིན་པའི་བརྩི་བྱའི་བླ་སྐར་མགོ། ཡོས་ཡིན་པའི་བརྩི་བྱའི་བླ་སྐར་གྲེ། འབྲུག་ཡིན་པའི་བརྩི་བྱའི་བླ་སྐར་སྨིན་དྲུག སྦྲུལ་ཡིན་པའི་བརྩི་བྱའི་བླ་སྐར་མེ་བཞི། ལུག་དང་སྤྲེལ་ཡིན་པའི་བརྩི་བྱའི་བླ་སྐར་རྒྱལ། བྱ་ཡིན་པའི་བརྩི་བྱའི་བླ་སྐར་ནག་པ། ཁྱི་ཡིན་པའི་བརྩི་བྱའི་བླ་སྐར་སྐག ཕག་ཡིན་པའི་བརྩི་བྱའི་བླ་སྐར་བྲ་ཉེ་བཅས་ཡིན་ཞིང་། བརྩི་བྱ་སུ་ཞིག་མ་ལས་བཙའ་དུས་ཀྱི་སྐར་མ་དེ་རང་ལོའི་བླ་སྐར་ཡིན་ན་ཚེ་རིང་། དེ་ལྟའི་བླ་སྐར་དག་རེས་གཟའ་དང་འགྲོགས་པའི་ཟླ་སྐར་ཡིན་དུས་བརྩི་བྱ་དེ་ཉིད་ཀྱིས་བྱ་ལས་གང་བྱས་ཀྱང་བཟང་བར་བཤད།
Domain རྩིས་རིག