49198
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | དུས་རབས་བཅུ་བདུན་པའི་མཇུག་ཏུ་ལྷོ་ཁ་ཡར་ལུང་ཤམ་པའི་འདབས་སུ་འཁྲུངས། དགུང་ལོ་བཅུ་གཅིག་པར་འཕྱོངས་རྒྱས་རི་བོ་ཆོས་གླིང་དགོན་དུ་ཞུགས། ཡི་གེའི་སྦྱོར་ཀློག་དང་ཆོས་སྤྱོད་བཅས་ལེགས་པར་སྦྱངས། བཅུ་གསུམ་པར་འཚོ་བྱེད་ངག་དབང་སངས་རྒྱས་དཔལ་བཟང་གི་དྲུང་དུ་ཕེབས། དཔལ་ལྡན་རྒྱུད་བཞི་ཐུགས་འཛིན་གནང་། བཅུ་དྲུག་པར་དབུས་ཀྱི་ལྕགས་རི་རིག་བྱེད་འགྲོ་ཕན་གླིང་དུ་ཕེབས། གསོ་རིག་གཞུང་ལ་སློབ་གཉེར་ཡང་དག་པར་མཛད། སྨན་རམས་པའི་མཚན་བཏགས་བཞེས། ཉེར་དྲུག་པར་མི་དབང་ཕོ་ལྷ་པའི་བླ་སྨན་མཛད། སུམ་ཅུ་པར་མདོ་སྨད་དུ་བྱོན། ལོ་བཅུའི་རིང་བདེ་ཆེན་དཔོན་སློབ་འཇམ་དབྱངས་དཔལ་ལྡན་སོགས་སློབ་མ་མང་པོ་བྱོན། ཞེ་བརྒྱད་པར་ཕོ་ལྷ་ཐའི་ཇིའི་བཀའ་ལྟར་སློབ་མ་གསོ་རིག་ཆེད་སྦྱོང་གི་སློབ་མ་བཅུ་དྲུག་བསྐྱངས། དགུ་བཅུ་པར་དབུས་གཙང་གི་སློབ་མ་ལྔ་བརྒྱ་དང་ལྷན་རིལ་ནག་ཆེན་མོའི་ལག་ལེན་མཛད། བོད་གཞུང་ནས་གནང་སྦྱིན་དང་། བཀའ་ཤོག་ཐམ་ཁ་བཅས་བསྩལ། གོ་བརྒྱད་པར་སྐུ་གཤེགས། སློབ་མའི་ཚོགས་ལས་མཆོག་ཏུ་གྱུར་པ་ནི་གཙང་སྨན་ཡེ་ཤེས་བཟང་པོ་ཡིན། |