49200

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
བླ་སྨན་བྱ་སྦུག་པ་དམ་ཆོས་དཔལ་ལྡན་ (1)
Part of speech མིང་ཚིག
Definition དུས་རབས་བཅུ་དགུ་པའི་དཀྱིལ་དུ་སྟོད་ཤེལ་དཀར་ཆོས་སྡེ་ཞེས་པའི་ཁུལ་བྱ་སྦུག་ཚང་དུ་འཁྲུངས། ཆུང་དུས་ནས་ཤེལ་དཀར་ཆོས་སྡེར་ཞུགས་ཏེ་རབ་ཏུ་བྱུང་། ཡི་གེའི་སྦྱོར་ཀློག་དང་ཆོས་སྤྱོད་བཅས་སྦྱངས། གསོ་རིག་གཞུང་ལ་སློབ་གཉེར་གྱིས་མེས་པོ་གོང་མའི་ཕྱག་སྲོལ་རྒྱུན་འཛིན་གནང་། སྟོད་ལུགས་ཀྱི་སྨན་པ་མཁས་པར་གྱུར། རབ་བྱུང་བཅོ་ལྔ་པའི་མེ་བྱ་ཕྱི་ལོ་ ༡༨༩༧ ལོར་རྒྱལ་བ་བཅུ་གསུམ་པས་བླ་སྨན་གཞོན་པའི་གདན་ཐོབ་གནང་། ཕོ་བྲང་པོ་ཏ་ལར་བཞུགས། རྒྱལ་བའི་བཀའ་ལུང་ལྟར་གསོ་རིག་གི་ཁྲིད་རྒྱུན་སྤེལ། གསོ་རིག་སྨྲ་བའི་སློབ་མ་མང་པོ་བསྐྱངས། མཇུག་ཏུ་བླ་སྨན་ལས་དགོངས་ཞུས། ལྷ་སའི་བྱང་ཕྱོགས་སུ་སྒྲུབ་པ་ཉམས་ལེན་ལ་གཞོལ། སྐུ་ཚེ་འཆད་རྩོད་རྩོམ་གསུམ་གྱིས་འདས། སློབ་མ་གྲགས་ཆེ་བ་ནི་ལྷོ་ཁ་ཐུབ་བསྟན་དར་རྒྱས་དང་། ལྷོ་ཁ་སྐལ་བཟང་ལེགས་བཤད། ལྷོ་ཁ་མཁྱེན་རབ་བསྟན་འཕེལ། རྒྱལ་རྩེ་ངག་དབང་ཕྱོགས་ལས། སྟོད་ལུང་བློ་གྲོས་འོད་ཟེར། ཆུ་ཤུལ་བསྐལ་བཟང་དགེ་ལེགས་བཅས་ཡིན། གསུང་རྩོམ་ནི་བུ་སྦུག་གཅེས་བསྡུས་སོགས་བཞུགས།