49211

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
བླང་དོར་རབ་གསལ་སྣང་བའི་རང་འགྲེལ་ (1)
Part of speech མིང་ཚིག
Definition ཐུན་མོང་མདོ་སྐོར། གཞུང་མཚན་དངོས་ནི། དྲིས་ལན་བླང་དོར་རབ་གསལ་སྣང་བའི་འགྲེལ་བཤད་རྣམ་དག་ལུང་དང་མཐུན་པ། ཞེས་གྲགས། མཛད་པ་པོ་ནི་ས་བཟང་མ་ཏི་པན་ཆེན། འགྲེལ་བར་བྱ་བའི་གཞུང་ནི་ཁོང་གིས་མཛད་པའི་བླང་དོར་རབ་གསལ་སྣང་བ་ཞེས་བྱ་བ་དེ་ཡིན་ལ། གཞུང་ཚད་ལ་པོད་གཅིག་བཞུགས། མཛད་པའི་ཡུལ་ནི་བཟང་ལྡན་ཡང་དགོན་དབེན་པ། མཛད་པའི་དུས་གསལ་ཁ་མ་རྙེད་མོད། དུས་ཕྱིས་ཀྱི་རྩོམ་ཡིན་པ་འདྲ་སྟེ། ཁོང་གིས་མཛད་པའི་རྒྱུད་བླའི་ཊཱིཀྐ་ངེས་དོན་རབ་གསལ་སྣང་བ་དང་། སྤྱོད་འཇུག་ཊཱིཀྐ་གཞུང་དོན་རབ་གསལ་སྣང་བ། མངོན་པ་ཀུན་བཏུས་ཊཱིཀྐ་ཤེས་བྱ་རབ་གསལ་སྣང་བ། སྒྲ་ཊཱིཀ་ལེགས་སྦྱར་རབ་གསལ་སྣང་བ་སོགས་བོད་སྐད་དུ་བརྩམས་པ་རྣམས་དང་། བྱ་བ་ཀུན་ལས་བཏུས་པའི་བསྟན་བཅོས་སོགས་རྒྱ་འགྱུར་མཛད་པའི་བསྟན་བཅོས་དང་། དཔལ་དུས་ཀྱི་འཁོར་ལོའི་རྒྱུད་འགྲེལ་མཆན་དང་བཅས་པ་སོགས་འགྱུར་བཅོས་མཛད་པ་རྣམས་འདིར་དྲངས་ཡོད་པས་སོ། །ཚུལ་ཁྲིམས་རྒྱལ་མཚན་གྱིས་མཛད་པའི་དུས་འཁོར་བརྒྱུད་པའི་ལོ་རྒྱུས་སྐལ་བཟང་རྣ་བའི་དགའ་སྟོན་ནས། ལོ་ཙཱ་བ་བློ་གྲོས་དཔལ་གྱི་རྣམ་ཐར་ཐད་དུ། འདི་ལྟར་གསུངས། སོ་ལྔ་པ་ཁྱི་ལོ་ལ་མ་ཏི་རྣམ་པ་གཉིས་ལ་ཀུན་མཁྱེན་ཆེན་པོས་བཀས་གནང་ནས། རྒྱུད་འགྲེལ་ཤོང་འགྱུར་ལ་བུ་མཆན་འགྱུར་བཅོས་ཡོད་པ་རྣམས་ཇི་ལྟ་བ་བཞིན་དུ་བྲིས། དཔང་ལོའི་འགྱུར་བཅོས་ལ་ཡང་བརྟེན་ནས་འགྱུར་ཤིན་ཏུ་དག་པར་བཅོས། ཞེས་ལོ་ཙཱ་བ་བློ་གྲོས་དཔལ་གྱི་དགུང་ལོ་སོ་ལྔ་པ་དང་། ས་བཟང་ལོ་ཙཱ་བ་འདི་བའི་དགུང་ལོ་ཞེ་གཅིག་པ་སྟེ་རབ་བྱུང་དྲུག་པའི་སྟོད་ཤིང་ཕོ་ཁྱི་ལོ་དང་ཕྱི་ལོ་ ༡༣༣༤ ལོ་ལ་ཁེལ་འདུག དེས་ན་རང་འགྲེལ་འདི་བརྩམས་དུས་དགུང་ལོ་ཞེ་གཅིག་པ་མན་ཆད་ཡིན་དགོས་སོ། །