49223

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
བླའམ་རུས་ཁམས་ (1)
Part of speech མིང་ཚིག
Definition བླའམ་རུས་ཁམས་ནི། སྔོན་གྱི་རྒྱ་ནག་གི་སྐད་དུ་ཀེག་ཟེར་ན། བོད་སྐད་དུ་ཤིང་། ཇི་ཟེར་ན་མེ། ཀུང་ཟེར་ན་ས། ཤང་ཟེར་ན་ལྕགས། འུ་ཟེར་ན་ཆུ་སྟེ་རུས་ཆེན་ལྔའི་འབྱུང་བའོ། །དེང་སང་ལག་ལེན་བླ་ལ་འབོད། བླ་ཞེས་པ་ནི་སྲོག་གི་མ་རུ་བཞེད་ན་ལེགས། རུས་ཆེན་ལྔ་དང་དེ་དག་གི་བླ་ཟོག་ནི། གདོང་ས་ཁམས་པའི་བླ་ཟོག་ཤ་བ། འགྲུ་ཆུ་ཁམས་པའི་གཡག དབྲ་ལྕགས་ཁམས་པའི་རྐྱང་། སྒོ་མེ་ཁམས་པའི་ར། སྒ་ཤིང་ཁམས་པའི་ལུག་ཏེ་རུས་ཆེན་ལྔ་ཡིན། ཡང་ན་ནི་ཐམས་ཅད་གདོང་ལ་བསྡུ་ཡང་ཟེར།