4925
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | བོན། སྔགས། བྱ་རྒྱུད། ཀུན་དབྱིངས་དཀྱིལ་འཁོར་ཕོ་བྲང་གི་ཕྱི་ཡི་ཤར་སྒོ་སྲུང་བའི་ཁྲོ་བོ་སྟེ། དེའི་ཆ་ལུགས་ནི། ཁྲི་གདན་གྱི་ཁ་ལ། སྐུ་འགྱིང་སྟབས་སུ་བཞེངས་ནས་གསེར་མདོག་གི་སྐུ་ལ་ཁྲོ་བོའི་རྒྱན་རྣམས་མ་ལུས་རྫོགས་ཞིང་། མེ་རི་གཡོ་བའི་དབལ་ཟེར་གྱི་གཤོག་པ་གྱེན་དུ་གདེང་སྟེ། ཕྱག་ན་གསེར་གྱི་ཙྭོ་དམར་བསྣམས་ནས། གཡུང་དྲུང་རིགས་ཀྱི་སྤྲུལ་བ་དང་ཕོ་ཉ་མང་པོ་འགྱེད་དེ། ཤར་ཕྱོགས་བགེགས་ཀྱི་དཔུང་ཚོགས་འཇོམས་པའི་ཁྲོ་རྒྱལ་ཞིག་ཡིན་པར་ ༼གཟི་བརྗིད་པོད་གསུམ་པ་༽ལས་གསལ་ལོ། ། |
| Domain | ཆོས་ལུགས། |