From Rangjung Yeshe Wiki - Dharma Dictionary
Jump to navigation
Jump to search
བློ་ (1)
| Part of speech
|
མིང་ཚིག
|
| Definition
|
བྱ་བ་གང་ཞིག་བྱེད་པའི་ཐབས་བཀོད་དེ།
|
| Example
|
མི་ཉམས་མྱོང་ཅན་ལ་བློ་འདྲི། མི་མང་པོས་མཉམ་རུབ་ཀྱིས་བློ་འདོན་ལྟ་བུ།
|
བློ་ (2)
| Part of speech
|
མིང་ཚིག
|
| Definition
|
ཐུགས་སམ་སེམས་ཏེ།
|
| Example
|
གནས་ཚུལ་དེ་བློ་ལ་བབས། བློ་རྒྱ་ཆེན་པོ། བློ་དཀར་གཞུང་དྲང་ལྟ་བུ།
|
བློ་ (3)
| Part of speech
|
མིང་ཚིག
|
| Definition
|
བློ་ཞེས་པ་ངོ་བོ་གསལ་ཞིང་ཡུལ་རིག་པའི་ཆ་ཞིག་ལ་ཟེར། དེ་ལ་དོན་མཐུན་དང་དོན་མི་མཐུན་གཉིས་སུ་ཡོད། དེ་ལྟར་ཡང་མཁས་གྲུབ་སྦྱིན་པ་དར་རྒྱས་ཀྱིས་མཛད་པའི་དགའ་བྱང་བློ་རིག་གི་རྣམ་གཞག་ལེགས་བཤད་ཀུན་འདུས་ལུང་རིགས་ཀྱི་བང་མཛོད་ལས། རིག་པ་བློའི་མཚན་ཉིད། བློ། རིག་པ། ཤེས་པ་རྣམས་དོན་གཅིག དེ་ལ་དབྱེ་ན། གཉིས་སུ་དབྱེ་བ། གསུམ་དུ་དབྱེ་བ། བདུན་དུ་དབྱེ་བ་རྣམས་སུ་ཡོད། གཉིས་སུ་དབྱེ་བ་ལ་ཚད་མ་དང་ཚད་མིན་གྱི་ཤེས་པ་གཉིས་སུ་དབྱེ་བ། རྟོག་པ་དང་རྟོག་མེད་ཀྱི་ཤེས་པ་གཉིས་སུ་དབྱེ་བ། འཁྲུལ་ཤེས་དང་མ་འཁྲུལ་བའི་ཤེས་པ་གཉིས་སུ་དབྱེ་བ། དབང་ཤེས་དང་ཡིད་ཤེས་གཉིས་སུ་དབྱེ་བ། སེལ་འཇུག་གི་བློ་དང་སྒྲུབ་འཇུག་གི་བློ་གཉིས་སུ་དབྱེ་བ་རྣམས་སུ་ཡོད། གསུམ་དུ་དབྱེ་བ་ལ། དོན་སྤྱི་བཟུང་ཡུལ་དུ་བྱེད་པའི་རྟོག་པ། མེད་པ་གསལ་སྣང་ཅན་བཟུང་ཡུལ་དུ་བྱེད་པའི་རྟོག་མེད་འཁྲུལ་ཤེས། རང་མཚན་བཟུང་ཡུལ་དུ་བྱེད་པའི་རྟོག་མེད་མ་འཁྲུལ་བའི་ཤེས་པ་རྣམས་སུ་ཡོད། ཡང་ན། རྟོག་པ། རྟོག་མེད་འཁྲུལ་ཤེས། རྟོག་མེད་མ་འཁྲུལ་བའི་ཤེས་པ་རྣམས་སུ་ཡོད། བདུན་དུ་དབྱེ་བ་ལ། མངོན་སུམ། རྗེས་དཔག། ཡིད་དཔྱོད། སྣང་ལ་མ་ངེས་པའི་བློ། དཔྱད་ཤེས། ལོག་ཤེས། ཐེ་ཚོམ་རྣམས་སུ་ཡོད་ཅེས་གསུངས།
|
| Domain
|
ཚད་མ།
|