4927

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ཁྲོ་བོ་ཆེན་པོ་ཙཀྲ་ཡ་ (1)
Part of speech མིང་ཚིག
Definition བོན། སྔགས། བྱ་རྒྱུད། ཀུན་དབྱིངས་དཀྱིལ་འཁོར་ཕོ་བྲང་གི་ཕྱི་ཡི་བྱང་སྒོ་སྲུང་བའི་ཁྲོ་བོ་སྟེ། དེའི་ཆ་ལུགས་ནི། ཁྲི་གདན་གྱི་ཁ་ལ། སྐུ་འགྱིང་སྟབས་སུ་བཞེངས་ནས་ལྗང་མདོག་སྐུ་ལ་ཁྲོ་བོའི་རྒྱན་རྣམས་མ་ལུས་རྫོགས་ཞིང་། མེ་རི་གཡོ་བའི་དབལ་ཟེར་ཅན་གྱི་གཤོག་པ་གྱེན་དུ་གདེང་སྟེ། ཕྱག་ན་མཚེ་བའི་མི་བོ་བསྣམས་ནས། འཁོར་ལོའི་རིགས་ཀྱི་སྤྲུལ་བ་དང་ཕོ་ཉ་མང་པོ་འགྱེད་དེ། བྱང་ཕྱོགས་བགེགས་ཀྱི་དཔུང་ཚོགས་འཇོམས་པའི་ཁྲོ་རྒྱལ་ཞིག་ཡིན་པར་༼གཟི་བརྗིད་པོད་གསུམ་པ་༽ལས་གསལ་ལོ། །
Domain ཆོས་ལུགས།