49278
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | འཕགས་པ་དེ་བཞིན་གཤེགས་པ་སྙིང་རྗེ་ཆེན་པོ་ངེས་པར་བསྟན་པའི་མདོ་ལས་བྱུང་བ་སྟེ། དོན་གྱི་བློ་གྲོས་ཡིན་གྱི་ཚིག་འབྲུའི་བློ་གྲོས་མ་ཡིན་པ། ཡེ་ཤེས་ཀྱི་བློ་གྲོས་རྣམ་པར་ཤེས་པའི་བློ་གྲོས་མ་ཡིན་པ། ཆོས་ཀྱི་བློ་གྲོས་ཡིན་གྱི་ཉོན་མོངས་པའི་བློ་གྲོས་མ་ཡིན་པ། རིགས་པའི་བློ་གྲོས་ཡིན་གྱི་འགལ་བའི་བློ་གྲོས་མ་ཡིན་པ། བྱང་ཆུབ་སེམས་ཀྱི་བློ་གྲོས་ཡིན་གྱི་ཉན་ཐོས་དང་རང་སངས་རྒྱས་ཀྱི་བློ་གྲོས་མ་ཡིན་པ། རླབས་པོ་ཆེའི་བློ་གྲོས་ཡིན་གྱི་དམན་པའི་བློ་གྲོས་མ་ཡིན་པ། སངས་རྒྱས་ཀྱི་བློ་གྲོས་ཡིན་གྱི་བདུད་ཀྱི་བློ་གྲོས་མ་ཡིན་པ། སྙིང་རྗེ་ཆེན་པོའི་བློ་གྲོས་ཡིན་གྱི་སེམས་ཅན་ལ་རྣམ་པར་འཚེ་བའི་བློ་གྲོས་མ་ཡིན་པའོ། ། |
| Domain | ཆོས་ལུགས། |