49285
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | སློབ་དཔོན་བློ་གྲོས་བརྟན་པ་སྟེ། དེ་ཡང་སློབ་དཔོན་དབྱིག་གཉེན་འབུམ་སྡེ་དགུ་བཅུ་གོ་དགུར་གྲགས་པའི་གསུང་རབ་ཞལ་འདོན་མཛད་པའི་ཚེ། གདུང་གི་ཕྲག་ན་ཕུག་རོན་ཅང་ཤེས་པ་ཞིག་གནས་པ་ཤིན་ཏུ་གུས་པས་ཉན་ནོ། །དེ་ཤི་ནས་ལྷོ་ཕྱོགས་དཎྜ་ཀ་ར་ནྱ་ཞེས་བྱ་བར་ཚོང་དཔོན་གྱི་བུ་ཞིག་ཏུ་སྐྱེས། ལོ་བདུན་ལོན་པའི་དུས་སློབ་དཔོན་དབྱིག་གཉེན་གྱི་དྲུང་ནས་རིག་པ་མཁས་པར་སྦྱངས། འཕགས་མས་ཞལ་མངོན་སུམ་དུ་བསྟན་ནས་བྱིན་གྱིས་བརླབས། ཕྱིས་གནས་བརྟན་སྡེ་སྣོད་གསུམ་འཛིན་པ་ཁྱད་པར་དུ་ཐེག་པ་ཆེ་ཆུང་གི་མངོན་པ་མཐའ་དག་ལ་མཁས་པ་འཕགས་པ་དཀོན་མཆོག་བརྩེགས་པ་ལ་ཞལ་འདོན་མཛད་པ་བྱ་བ་ཐམས་ཅད་འཕགས་མ་སྒྲོལ་མས་ལུང་བསྟན་པ་ཞིག་སྟེ། དཀོན་མཆོག་བརྩེགས་པ་འདུས་པ་ཞེ་དགུ་དང་དབུ་མ་རྩ་བ་འགྲེལ་པ་ཡང་མཛད། སློབ་དཔོན་དབྱིག་གཉེན་སྐུ་འདས་ཙ་ན། མུ་སྟེགས་བིཥྚ་པཱ་ལ་སོགས་པས་རྒོལ་བ་མང་པོ་ཚར་བཅད་དེ་སྨྲ་བའི་དབང་ཕྱུག་ཏུ་གྲགས། སློབ་དཔོན་དབྱིག་གཉེན་གྱིས་མཛད་པའི་འགྲེལ་པ་ཕལ་ཆེར་ལ་འགྲེལ་བཤད་དང་། གཞུང་ལ་འགྲེལ་པ་ཡང་མང་དུ་མཛད། མངོན་པ་མཛོད་ལའང་འགྲེལ་པ་མཛད་ཟེར། སློབ་དཔོན་སྔ་མ་རྣམས་སུ་བཙུགས་པའི་ཆོས་གཞི་རྣམས་དེ་ཙམ་མེད་པས། སློབ་དཔོན་འདིས་ཀྱང་ཆོས་གཞི་བརྒྱ་རྩ་བཙུགས་ཞེས་ཀྱང་གྲགས་སོ། ། |