49286

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
བློ་གྲོས་མཆོག་དང་ལྡན་པའི་གདུལ་བྱ་ (1)
Part of speech མིང་ཚིག
Definition སྔགས། ཨ་ནུ་ཡོ་ག རྙིང་མ། མདོ་དགོངས་པ་འདུས་པ་ལས་སྐུ་བཞིའི་སྟོན་པས་གདུལ་བྱའི་སྣོད་བཞིར་མཚོན་པའི་ཚིག་བཞི་སྟོན་པའི་སྐབས་ཀྱི་གདུལ་བྱ་སྣོད་བཞིའི་ཡ་གྱལ་ཞིག་སྟེ། གསང་སྔགས་ལ་ཅིག་ཆར་དུ་འཇུག་པའི་ཤེས་རབ་དང་ཏིང་ངེ་འཛིན་གྱི་བློ་གྲོས་ཅན་གྱི་སྣོད་མཆོག་དང་ལྡན་པའི་གདུལ་བྱ་ཡིན་ཕྱིར་བློ་གྲོས་མཆོག་དང་ལྡན་པའི་གདུལ་བྱ་ཞེས་བྱ། དེ་ནི་སྟོན་པ་ཆོས་སྐུའི་བསྟན་པ་ལྟར་དོན་དམ་ངེས་པར་སྣང་བའི་ཚིག་ཨ་ནུ་དང་ཨ་ཏིའི་ཐེག་པས་གསང་བ་ཟབ་མོའི་དོན་ལ་དུས་གཅིག་ཏུ་འགོད་པར་བྱེད་པ་ཡིན།
Domain ཆོས་ལུགས།