49287

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
བློ་གྲོས་ཞི་བའི་ཆོས་གསུམ་ (1)
Part of speech མིང་ཚིག
Definition འཕགས་པ་འདུས་པ་རིན་པོ་ཆེ་ཏོག་གི་གཟུངས་ཀྱི་མདོ་ལས་བྱུང་བ་སྟེ། ༡ ལྷག་པའི་བསམ་པས་སེམས་ཅན་ཐམས་ཅད་ལ་སྙིང་བརྩེ་བ། ༢ མ་ལྟ་བུར་སེམས་ཅན་ཐམས་ཅད་ཀྱི་སྡུག་བསྔལ་རབ་ཏུ་ཞི་བར་བྱ་བ་ལ་རབ་ཏུ་བརྩོན་པ། ༣ ཆོས་ཐམས་ཅད་ལ་སྲོག་མེད་པ། གསོ་བ་མེད་པ། གང་ཟག་མེད་པ། ཐ་དད་དུ་དབྱེར་མེད་ཅིང་མཉམ་པར་ཡོངས་སུ་རྟོག་པའོ། །
Domain ཆོས་ལུགས།