49288

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
བློ་གྲོས་འབུམ་པ་ (1)
Part of speech མིང་ཚིག
Definition ཁོང་ནི་རབ་བྱུང་དྲུག་པའི་ཆུ་རྟ་ལོར་འཁྲུངས། མདོ་དང་སྔགས་ཕྱོགས་ཀྱི་བཀའ་བསྟན་ཕྱི་དང་ཁྱད་པར་ནང་རྒྱུད་གསུམ་གྱི་རྒྱུད་དང་སྒྲུབ་ཐབས་དབང་ཁྲིད་བཅས་ལ་ཐོས་བསམ་གྱི་སྒྲོ་འདོགས་བཅད། སྒོམ་རྟགས་ཀྱི་དྲོད་ཚད་རྫོགས། དགུང་ལོ་ཞེ་གསུམ་ནས་རེ་ལྔའི་བར་ཀཿཐོག་གི་གདན་ས་བསྐྱངས། བཞག་བླ་ཡེ་ཤེས་འབུམ་དང༌། ཆུ་གསོལ་ནམ་མཁའ་འབུམ་སོགས་མཁས་དང་གྲུབ་པ་ཐོབ་པའི་སློབ་ཚོགས་དམ་པ་མང་དུ་བྱོན། དུས་དེ་ཙམ་ན་དབུས་གཙང་དུ་མདོ་སྒྱུ་སོགས་གསང་སྔགས་སྔ་འགྱུར་སྤྱི་དང་ཁྱད་པར་ཟུར་པ་ཡབ་སྲས་ཀྱི་བཤད་སྲོལ་ཅུང་ཉམས་པའི་སྐབས་དེར། གཞག་བླ་མ་ཡེ་ཤེས་འབུམ་དབུས་སུ་རྫོངས། ཟུར་འུག་པ་ལུང་དང༌། གསང་སྔགས་གླིང་རྣམས་སུ་མདོ་སྒྱུ་དང་སེམས་ཕྱོགས་སྐོར་གྱི་འཆད་ཉན་དར་སྤེལ་བཏང་སྟེ་སྔ་འགྱུར་ཟུར་པ་མེས་དབོན་གྱི་བཤད་སྲོལ་སླར་ཡང་གསལ་བར་བྱས། ཀཿཐོག་ཏུ་འདུས་པ་རྣམས་ལ་བཀའ་གཏེར་གྱི་རིང་ལུགས་མི་ཉམས་པར་བསྐྱངས་ནས་དགུང་ལོ་རེ་ལྔ་པ་མེ་ཁྱི་ལོར་དགོངས་པ་ཆོས་ཀྱི་དབྱིངས་སུ་ཞི་བར་གྱུར་ཏོ། །