From Rangjung Yeshe Wiki - Dharma Dictionary
Jump to navigation
Jump to search
བློ་གྲོས་རྒྱལ་མཚན་ (1)
| Part of speech
|
མིང་ཚིག
|
| Definition
|
ཁོང་ནི་རྒྱལ་བ་འབའ་རོམ་པ་དར་མ་དབང་ཕྱུག་མཆོག་གི་ཉེ་བའི་སྲས་བཞི་ཡི་ནང་ཚན་ལྷ་རྗེ་བློ་མཆོག་ཉིད་ཡིན། མཚན་གཞན། འབའ་རོམ་པ་བློ་གྲོས་རྒྱལ་མཚན་དང་འཇམ་དབྱངས་བློ་གྲོས་རྒྱལ་མཚན་བཅས་ཞུ། སྦྱོར་དྲུག་ཡིག་རྙིང་གི་དབུ་ལ་འཇམ་དབྱངས་བློ་གྲོས་རྒྱལ་མཚན་སྨན་པས་མཛད་པའི་ངོ་སྤྲོད་དངོས་གཞི་སངས་རྒྱས་གསུམ་ཉམས་སུ་བླང་བའི་འོད་གསལ་སེམས་ཀྱི་ངོ་སྤྲོད་བཞུགས་སོ་ཟེར་ནས་བྲིས་འདུག འཁྲུངས་འདས་སོགས་མི་གསལ། མཛད་ཆོས་ལ་བལྟས་ན་མཁས་གྲུབ་གཉིས་ལྡན་གྱི་སྐྱེས་བུ་ཁྱད་དུ་འཕགས་པ་ཞིག་ཡིན་པ་འདྲ། མཛད་ཆོས་མང་དུ་ཡོད་པ་འདྲ་སྟེ་ད་ལྟ་སྦྱོར་དྲུག་པོད་གཅིག་མ་གཏོག་མཇལ་དུ་མེད།
|
བློ་གྲོས་རྒྱལ་མཚན་ (2)
| Part of speech
|
མིང་ཚིག
|
| Definition
|
མཚན་ལ་མཁན་ཆེན་བློ་གྲོས་རྒྱལ་མཚན་ཟེར། བསོད་ནམས་རིན་ཆེན་གྱི་རྗེས་སུ་རྟ་རྣའི་གདན་རབས་བརྒྱད་པ་སྟེ། མཁས་བཙུན་བཟང་གསུམ་གྱི་ཡོན་ཏན་མཆོག་ཏུ་མངའ་བ་ཞིག་བཞུགས།
|