49303

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
བློ་ངོར་འབྲེལ་བ་འགྲུབ་པ་ (1)
Part of speech མིང་ཚིག
Definition རྣམ་རྟོག་ཡུལ་ལ་འཇིག་རྟེན་གྱི། །ཐ་སྙད་བཞིན་དུ་དབྱེ་བསྡུ་དང་། །སྔ་ཕྱི་རྟོག་པས་སྦྲེལ་བ་ཡིས། །འཇུག་ཡུལ་བསྒྲུབ་ཕྱིར་འབྲེལ་བར་འཐད། །ཅེས་བྱ་བ་ནི། དོན་ཐམས་ཅད་ངོ་བོ་གཅིག་དང་ཐ་དད་དུ་གནས་པས་འབྲེལ་བ་མི་སྲིད་མོད། འོན་ཀྱང་གཞན་སེལ་གྱི་སྒོ་ནས་བློ་ངོར་འབྲེལ་བ་འགྲུབ་སྟེ།
Example བུམ་པའི་རང་མཚན་གཅིག་ཉིད་ལ་ཐ་དད་དུ་འབྱེད་པའི་གཞན་སེལ་གྱིས་ལྟོ་ལྡིར་མ་ཡིན་པ་དང། སྐད་ཅིག་མ་མ་ཡིན་པ་དང་། རྒྱུ་རྐྱེན་གྱིས་བསྐྱེད་པ་མ་ཡིན་པ་སྤོང་བའི་རྣམ་པ་ཅན་གྱི་སྒྲ་རྟོག་གི་བུམ་པ་དང་། མི་རྟག་པ་དང་། བྱས་པའི་ལྡོག་པ་ལོགས་སུ་ཕྱེ་ལ། དེ་དག་གཅིག་ཏུ་སྡུད་པའི་གཞན་སེལ་གྱིས་གཅིག་ཏུ་བཟུང་བ་ལ་བདག་གཅིག་པའི་འབྲེལ་བ་ཞེས་བཏགས་སོ། །དེ་ལས་བྱུང་བའི་འབྲེལ་བའང་རྫས་ཐ་དད་དུས་མཉམ་དང་། སྔ་ཕྱི་གཉིས་ཀའི་དོན་ལ་མི་སྲིད་པས་སྔར་མཐོང་བའི་མེ་དང། ཕྱིས་མཐོང་བའི་དུ་བ་གཉིས་མངོན་སུམ་དང་མི་དམིགས་པ་ཕྲུགས་གསུམ་ལ་སོགས་པས་བློ་ངོར་འབྲེལ་བ་འགྲུབ་མོད། དོན་ལ་འབྲེལ་བ་ཡོད་ན་ཕྲུགས་གསུམ་ལ་སོགས་པ་རྟོག་པས་བཟོ་ཅི་དགོས། རྣམ་ངེས་ལས། དོན་དམ་པར་ནི་ཡོད་པ་ལའང་ཆོས་དང་ཆོས་ཅན་གྱི་དངོས་པོ་འགའ་ཡང་ཡོད་པ་མ་ཡིན་ཏེ། འབྲེལ་བ་འདི་དག་ནི་བློས་བཀོད་པ་འབའ་ཞིག་ཏུ་ཟད་དོ། །ཞེས་གསུངས་སོ། །མི་དམིགས་པ་ལའང་སྣང་རུང་མི་དམིགས་པས་བུམ་པ་མེད་པའི་ཐ་སྙད་བསྒྲུབ་པ་དང་། རྒྱུ་བཀག་པས་འབྲས་བུ་འགོག་པ་དང་། ཁྱབ་བྱེད་བཀག་པས་ཁྱབ་བྱ་འགོག་པ་ལ་དངོས་འབྲེལ་མེད་ཀྱང་སེལ་བའི་བདག་གཅིག་དང་དེ་བྱུང་ཡོད་དེ། དེ་ཡང་རྣམ་ངེས་ལས། འབྲེལ་བ་བློས་བྱས་པ་ནི་མེད་པ་ལའང་གང་གིས་འགོག་ཅེས་གསུངས་པ་ལྟར་རོ། །ཞེས་འཇམ་མགོན་ས་པཎ་གྱི་རིགས་གཏེར་རང་འགྲེལ་ལས་སོ། །
Domain ཚད་མ།