4931

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ཁྲོ་བོ་ཏི་རཱིནྟི་རའི་ཕྱག་རྒྱ་ (1)
Part of speech མིང་ཚིག
Definition སྔགས། རྣལ་འབྱོར་རྒྱུད། ཕྱག་རྒྱ་ནི། དམ་ཚིག་གསུམ་བཀོད་ལས། ལག་མཐིལ་དག་ཏུ་རྡོ་རྗེ་བཅིངས། །མཐེ་བོང་བཤིབས་པས་བཀབ་པ་ནི། །ཁུ་ཚུར་བྱས་པའི་དམ་ཚིག་གོ ། ཕྱག་རྒྱ་རྡོ་རྗེ་ཁྲོ་བོ་སྟེ། །ཏི་རཱིནྟི་ཡི་ཕྱག་རྒྱ་འོ། །ཞེས་གསུངས་པས། བོད་སྐད་ལ་ཁྲོ་བོ་རིགས་མཐའ་ཡས་མུ་མེད་པའི་ཕྱག་རྒྱའོ་ཟེར། དེ་ཉིད་དཔྲལ་མགྲིན་སྙིང་ཁ་གསུམ་དུ་རེག ཏིང་ངེ་འཛིན་ནི། རང་གི་སྒོ་གསུམ་ཁྲོ་བོའི་སྐུ་གསུང་ཐུགས་དང་དབྱེར་མེད་པར་བསམ་ཞིང་ང་རྒྱལ་བསྒོམ། སྔགས་ནི། ཁམས་གསུམ་རྣམ་རྒྱལ་དུ་བཤད་དེ། ཨོཾ་ནིི་ནོར་བུ་འཛིན་པའི་སྙིང་པོ། གྲྀཧྣ་ཟུངས། བཛྲ་ས་མ་ཡ་རྡོ་རྗེའི་དམ་ཚིག་སྟེ། རྡོ་རྗེའི་རིགས་ཀྱི་ཁྲོ་བོ་རྣམས་ཀྱིས་མདའ་བར་མི་བྱ་བའི་ཕྱག་རྒྱའི་དམ་ཚིག་སྟེ། དེ་ཟུངས་ཤིག་པའོ། །ཧཱུྃ་ནི་ངེས་པའི་ཚིག་གི་ཚུལ་གྱིས་ཨུ་ཕྱིས་ནས་ཧ་ནི་འཇོམས་པར་བྱེད་པ་སྟེ། ཐུགས་རྗེ་ཆེན་པོའི་ཐབས་ཀྱིས་སྡུག་བསྔལ་དང་མ་རུངས་པ་ཐམས་ཅད་འཇོམས་པར་བྱེད་པའི་དོན་ཏོ། །བཾ་ནི་ངེས་པའི་ཚིག་གིས་བྷནྡྷ་ཆིངས་ཤིག་སྟེ། དམ་ཚིག་དེ་རྣམས་བཟུང་ལ་བརྟན་པར་ཆིངས་ཤིག་ཅེས་པའོ། །ཡང་ན་སྒྲུབ་པ་པོའི་སྒོ་གསུམ་དང་ཁྲོ་བོའི་སྐུ་གསུང་ཐུགས་དབྱེར་མེད་དུ་འཆིང་བའོ། །རྗེ་བཙུན་གྱིས་ཕྱག་རྒྱ་བཅིང་བས་བྱིན་རླབས་ཆེ་བ་སྟེ། དཔེར་ན་མཆོད་རྟེན་འདེབས་པ་དང་འདྲའོ་གསུངས་ཏེ་གོ་བར་སེམས་སོ་ཞེས་ཤར་བླ་མའི་རྣམ་བཤད་གཞན་ཕན་མཛེས་རྒྱན་ལས་སོ། ། ཨོཾ་གྲིཧྣ་བཛྲ་ས་མ་ཡ་ཧཱུྃ་བཾ་ལན་གསུམ་བརྗོད་པ་དང་མཉམ་དུ། ལག་པ་གཉིས་རྡོ་རྗེ་བསྡམས་པ་ནང་བཅིངས་བྱས་ལ། མཐེ་བོང་གཉིས་གཤིབས་ཏེ་བསྒྲེང་བ་ཁྲོས་པའི་ཚུལ་གྱིས་སྟེང་ནས་མནན་པ་ཁྲོ་བོ་ཏི་རཱིནྟི་རིའི་ཕྱག་རྒྱ་དཔྲལ་མགྲིན་སྙིང་གསུམ་དུ་རེག་པས་རང་གི་སྒོ་གསུམ་ཁྲོ་བོའི་སྐུ་གསུང་ཐུགས་གསུམ་དང་དབྱེར་མེེད་པར་བསམ་ཞིང་ཁྲོ་བོའི་ང་རྒྱལ་གཟུང་ངོ་། །སྔགས་དོན་ནི། གྲིཧྣ་ཟུངས། བཛྲ་ས་མ་ཡ་རྡོ་རྗེའི་དམ་ཚིག ཧཱུྃ་འཇོམས་པ། བཾ་ཡི་གེ་ཕྱིས་བསྣན་གྱིས་བནྡྷ་འཆིངས་ཤིག་སྟེེ། རྡོ་རྗེའི་དམ་ཚིག་སྡུག་བསྔལ་དང། མ་རུངས་པ་འཇོམས་པར་བྱེད་པ་དེ་བཟུང་པ་བརྟན་པ་འཆིངས་ཤིག་ཅེས་པའི་དོན་ནོ་ཞེས་སྡེ་གཞུང་ཆོས་འཕེལ་གྱི་ཀུན་རིག་རྣམ་བཤད་ལས་སོ། །
Domain ཆོས་ལུགས།