49333

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
བློ་བཟང་གནས་བརྟན་པ་ (1)
Part of speech མིང་ཚིག
Definition ཁོང་ནི་རབ་བྱུང་བཅུ་གཉིས་པའི་མེ་བྱི་ཕྱི་ལོ་ ༡༦༩༦ ལོར། སྟོད་ཀྱི་སོག་པོའི་ཡུལ་དུ་དཔལ་ཤུལ་གྱི་རིགས་སུ་འཁྲུངས། བླ་བྲང་བཀྲ་ཤིས་འཁྱིལ་དུ་ཕེབས་ནས་ཐུགས་གཉེར་གནང། དབུས་སུ་ཕེབས་ནས་འབྲས་སྒོ་མང་ཆོས་གྲྭར་ཞུགས་ཤིང་གསན་བསམ་མཐར་ཕྱིན་མཛད་དེ་ལྷ་རམས་གྲྭ་སྐོར་མཛད། སླར་མདོ་སྨད་དུ་ཕེབས་ནས་བཀྲ་ཤིས་འཁྱིལ་གྱི་ཚོགས་ཆེན་ཞལ་ངོ་དང། རྒྱུད་པའི་བླ་མ་དབུ་མཛད་རིམ་གྱིས་བརྒྱུད་དེ་རྒྱུད་པའི་ཁྲིར་ཕེབས། རབ་བྱུང་བཅུ་གསུམ་པའི་ཆུ་བྱ་ཕྱི་ལོ་ ༡༧༥༣ ལོར་བཀྲ་ཤིས་འཁྱིལ་གྱི་ཚོགས་ཆེན་གྱི་ཁྲིར་ཕེབས། རབ་བྱུང་བཅུ་གསུམ་པའི་ཤིང་ཁྱི་ཕྱི་ལོ་ ༡༧༥༤ ལོར་སྐུ་གཤེགས།