49337

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
བློ་བཟང་ཆོས་འཕེལ་ (1)
Part of speech མིང་ཚིག
Definition རྒྱུད་སྟོད་མཁན་ཐོག་ ༣༠ པ་དང་། དགའ་ཁྲི་ ༤༧ པ་བློ་བཟང་ཆོས་འཕེལ་ནི། སུམ་པ་ཆོས་འབྱུང་དུ། མདོ་སྨད་ཅོ་ནེའི་ཕྱོགས་སུ་འཁྲུངས་པར་གསུངས་ཀྱང། བཻ་སེར་ལས། སྤོམ་འབོར་བློ་བཟང་ཆོས་འཕེལ་ཞེས་འབྱུང་བ་དང་། དེ་བཞིན་ཁུངས་ལྡན་གྱི་ལོ་རྒྱུས་དུ་མ་རྗེ་འདི་པ་འཁྲུངས་ཡུལ་དང་རྣམ་ཐར་ནི་འོག་ཏུ་འབྱུང་བ་སོགས་ཡིན། དེ་ཡང་རབ་བྱུང་ ༡༡ པའི་ནང་དབང་ངེས་དཔོན་ཚང་གི་རྒྱུད་དུ་འཁྲུངས། ཡང་སྟེང་དགོན་དུ་སྒྲིགས་ཞུགས་མཛད། དབུས་སུ་ཕེབས་ཏེ་སེར་སྨད་དང་རྒྱུད་སྟོད་དུ་མདོ་སྔགས་གཞུང་ལུགས་ཐུགས་གཉེར་མཛད་ནས་མཁས་པར་གྱུར། ཕྱི་ལོ་ ༡༦༩༥ ཤིང་མོ་ཕག་གི་ལོར་དགའ་ཁྲིར་འཁོད་ནས་གསང་གསུམ་གྱི་མཛད་པ་རླབས་པོ་ཆེ་ས་སྟེང་ཡོངས་ལ་ཁྱབ་པར་མཛད། གཤེགས་ལོ་མ་རྙེད།

{{#arraymap:བློ་བཟང་ཆོས་འཕེལ་

|; |@@@ | | }}

བློ་བཟང་ཆོས་འཕེལ་ (2)
Part of speech མིང་ཚིག
Definition རྒྱུད་སྟོད་མཁན་ཐོག་ ༣༡ པ་རྣམ་ཐར་མ་རྙེད།

{{#arraymap:བློ་བཟང་ཆོས་འཕེལ་

|; |@@@ | | }}

བློ་བཟང་ཆོས་འཕེལ་ (3)
Part of speech མིང་ཚིག
Definition རྒྱུད་སྟོད་མཁན་ཐོག་ ༦༠ པ་རྣམ་ཐར་མ་རྙེད།

{{#arraymap:བློ་བཟང་ཆོས་འཕེལ་

|; |@@@ | | }}