49346
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | རྒྱུད་སྟོད་མཁན་ཐོག་ ༣༢ པ་དང་དགའ་ཁྲི་ ༤༩ པ་བློ་བཟང་དར་རྒྱས་ནི། ཕྱི་ལོ་ ༡༦༥༩ ས་མོ་ཕག་གི་ལོར་ཅོ་ནེ་ཨ་གཟིགས་ཐང་དུ་སྐུ་འཁྲུངས། དབུས་སུ་ཕེབས་ནས་སེར་སྨད་དང་གསང་ཆེན་རྒྱུད་སྟོད་གྲྭ་ཚང་དུ་བཞུགས་ཏེ་མདོ་སྔགས་རྒྱ་མཚོ་ལྟ་བུ་ལ་གསན་བསམ་མཐིལ་ཕྱིན་གནང་སྟེ་མཁས་པའི་གོ་འཕང་མཐོན་པོར་གཤེགས། དགུང་གྲངས་ ༤༩ ཕེབས་པ། ཕྱི་ལོ་ ༡༧༠༧ མེ་ཕོ་ཕག་གི་ལོར་དགའ་ཁྲིར་ཕེབས་ཤིང་མདོ་སྔགས་ཀྱི་ཆོས་འཁོར་བསྐོར་ཏེ་ལོ་བདུན་བསྐྱངས་རྗེས་༸རྒྱལ་མཆོག་སྐལ་བཟང་རྒྱ་མཚོའི་ཡོངས་འཛིན་མཛད་པ་སོགས་བསྟན་འགྲོའི་དོན་རྒྱ་ཆེར་བསྐྱངས་ནས་དགུང་གྲངས་ ༦༥ ཕེབས་པ། ཕྱི་ལོ་ ༡༧༢༣ ཆུ་མོ་ཡོས་ཀྱི་ལོར་དགོངས་པ་གཞན་དོན་དུ་གཤེགས་ཚུལ་བསྟན། |