49347

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
བློ་བཟང་དོན་གྲུབ་ (1)
Part of speech མིང་ཚིག
Definition མཚོ་སྔོན་རྒྱ་ཏིག་གི་འབྲོག་སྡེ་རུ་འཁྲུངས། བཙན་པོ་དོན་གྲུབ་རྒྱ་མཚོའི་སྐྱེ་བར་གྲགས། ཆུང་དུས་ནས་དགོན་ལུང་བྱམས་པ་གླིང་དང་། གསེར་ཁོག་དགོན་དུ་ཞུགས། མཚན་ཉིད་ཀྱི་གཞུང་སོགས་ལ་གསན་བསམ་མཛད། དབུས་ནས་དཔོན་སློབ་བློ་བཟང་དམ་ཆོས་སོགས་བསྟེན། པོད་ལྔའི་གཞུང་ལ་སློབ་གཉེར་མཛད། ཚད་མ་རིག་པའི་བསྟན་བཅོས་ཞག་བདུན་ནང་བློར་བཟུང་ནས་སྒོ་མང་དཔོན་སློབ་ལ་རྒྱུགས་ཕུལ། ལྷ་སའི་སྨོན་ལམ་གྱི་གྲྭ་སྐོར་མཛད། མདོ་སྨད་དགོན་ལུང་བྱམས་པ་གླིང་གི་རྒྱུད་པའི་བླ་མ་གནང། རབ་བྱུང་བཅུ་གཉིས་པའི་ཆུ་ཕག་ཕྱི་ལོ་ ༡༧༤༣ ལོར་དགོན་ལུང་བྱམས་པ་གླིང་གི་ཁྲིར་བྱོན། འགྲིག་ལམ་དང་། ཀུན་སྤྱོད་དང་། འཆད་ཉན་བཅས་ལོ་གསུམ་རིང་དོ་དམ་གནང་། འདས་ལོ་མི་གསལ། དགོན་ལུང་བྱམས་པ་གླིང་གི་གདན་སའི་མཁན་རབས་སོ་གཅིག་པ་ཡིན།
བློ་བཟང་དོན་གྲུབ་ (2)
Part of speech མིང་ཚིག
Definition རྒྱུད་སྟོད་མཁན་ཐོག་ ༤༩ པ་རྣམ་ཐར་མ་རྙེད།