49348

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
བློ་བཟང་དོན་ལྡན་ (1)
Part of speech མིང་ཚིག
Definition དུས་རབས་ཉི་ཤུ་པའི་འགོར་འཁྲུངས། ཆུང་དུས་ནས་འབྲས་བློ་གླིང་གྲྭ་ཚང་དུ་ཞུགས། དགེ་བསྙེན་དང་། རབ་བྱུང་། དགེ་ཚུལ་སློང་གི་སྡོམ་པ་མནོས། གསང་ཆེན་རྒྱུད་སྡེ་བཞིར་གསན་བསམ་ལེགས་པར་མཛད། བྱ་བྲལ་པའི་ཚུལ་གྱིས་དབེན་གནས་ལྷ་ལུང་རི་ཁྲོད་དུ་སྒྲུབ་ཉམས་ལེན་ལ་གཞོལ། རབ་བྱུང་བཅུ་དྲུག་ལྕགས་སྟག་ཕྱི་ལོ་ ༡༩༥༠ ལོར་དྭགས་པོ་གླང་མདུན་དུ་སྐུ་གཤེགས། གསུང་རྩོམ་ནི་གཅོད་ཀྱི་གདམས་པ་ཐར་འདོད་དེད་དཔོན་དང་། གཅོད་ཀྱི་གདམས་ངག་ཕུལ་བྱུང་གསེར་གྱི་ཕྲེང་བ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་ཚིགས་སུ་བཅད་པ་ཆེན་མོ། གཅོད་ཁྲིད་བདག་འཛིན་ཚད་གཅོད་བཅས་ཆོས་ཚན་བཅུ་གཉིས་ལོངས་པའི་པོད་གཅིག་བཞུགས།