4935

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ཁྲོ་བོ་བཅུ་ (1)
Part of speech མིང་ཚིག
Definition གསང་སྔགས་ཀྱི་གཞུང་ནས་བཤད་པའི་སྒོ་སྲུང་ཁྲོ་བོ་བཅུ་སྟེ། གཤིན་རྗེ་གཤེད། གཞན་གྱིས་མི་ཐུབ་པ། རྟ་མགྲིན། བདུད་རྩི་འཁྱིལ་བ། མི་གཡོ་བ། འདོད་པའི་རྒྱལ་པོ། དབྱུག་སྔོན་ཅན། སྟོབས་པོ་ཆེ། གཙུག་ཏོར་འཁོར་བསྒྱུར། གནོད་མཛེས་རྒྱལ་པོའོ། །
Domain ཆོས་ལུགས།
ཁྲོ་བོ་བཅུ་ (2)
Part of speech མིང་ཚིག
Definition བོན་གྱི་ཆོ་ག་ལས་ཁྲོ་བོའི་རྣམ་པར་བཞེངས་པའི་ཡི་དམ་གྱི་ལྷ་ཚོགས་ཤིག་སྟེ། རྣམ་རྒྱལ་ཁྲོ་བཅུ་ནི། ཤར་དུ་ཟོ་བོ་དབུ་དགུ བྱང་དུ་གཟེ་མ་དབུ་དགུ ནུབ་ཏུ་རུ་ཅོ་སྡེ་དགུ ལྷོ་རུ་རོལ་པོ་རྩེ་དགུ ལྷོ་ཤར་དུ་སེང་གསས་ལྷ་དབང་རྒྱལ་པོ། བྱང་ཤར་དུ་སེང་གསས་མི་མགོན་རྒྱལ་པོ། བྱང་ནུབ་ཏུ་འབྲུག་གསས་ལྡེ་བོ་གསུང་ཆེན། ལྷོ་ནུབ་ཏུ་འབྲུག་གསས་གནམ་གྲགས་ངར་ཆེན། སྟེང་དུ་ཁྱུང་གསས་སངས་རྒྱས། འོག་ཏུ་རྣམ་པར་རྒྱལ་བ་བཅས་བཅུ་སྟེ། དེ་ནི་རྣམ་རྒྱལ་སྒྲུབ་གཞུང་མཚམས་བཅད་སྐབས་སུ་གསལ་ལོ། །
ཁྲོ་བོ་བཅུ་ (3)
Part of speech མིང་ཚིག
Definition རྣམ་འཇོམས་ཀྱི་ཁྲོ་བོ་བཅུ་ནི། མདོ་དྲི་མེད་གཟི་བརྗིད་པོད་བདུན་པ་རྣམ་འཇོམས་ཀྱི་ཆོ་ག་ལས། ལྷ་ཡི་གཙོ་བོ་རྣམ་པར་འཇོམས་པ་ལ། འཁོར་གྱི་དམ་པ་ཁྲོ་བོ་བཅུ་ཡིས་བསྐོར། ཞེས་སོ། །བཅུ་ནི། རྣམ་རྒྱལ་དཀར་པོ་དང། གཡུང་དྲུང་དཔའ་བོ། གཤིན་རྗེ་གཤེད་པོ། ཧྱ་འགྲི་བ། འཁོར་ལོ་བདེ་རྒྱལ། ཁམས་གསུམ་དབང་སྡུད། རིགས་ཀྱི་མགོན་པོ། ཡ་ཙ་འཁྱིལ་བ། རྟོག་པ་ཀུན་འཇོམས། རྡོ་རྗེ་གཏུམ་པོ་དང་བཅུ་སྟེ། དེ་ཉིད་ལས། སྟེང་དུ་རྣམ་རྒྱལ་དཀར་པོ་རྒྱལ་མཚན་སྡིག་མཛུབ་མཛད་པ། ཤར་དུ་གཡུང་དྲུང་དཔའ་བོ་སེར་པོ་གཡུང་དྲུང་དང་། ལྷོ་རུ་གཤིན་རྗེ་གཤེད་པོ་སྔོ་སྐྱ་རལ་ཀྱུ་དང་། བྱང་དུ་འཁོར་ལོ་བདེ་རྒྱལ་ལྗང་ཁུ་འཁོར་ལོ་དང་། ནུབ་ཏུ་༼ཧྱ༽ཧ་ཡ་འགྲི་བ་དམར་པོོ་དབྱུག་ཏོ་དང་། ཤར་ལྷོ་རུ་ཁམས་གསུམ་དབང་སྡུད་སེར་སྐྱ་ཁ་ཏྲང་དང་། ལྷོ་ནུབ་ཏུ་རིགས་ཀྱི་མགོན་པོ་དམར་ནག་བེ་ཅོན་དང་། ནུབ་བྱང་དུ་ཡ་ཙ་འཁྱིལ་བ་དམར་ལྗང་རལ་ཀྱུ་དང་། བྱང་ཤར་དུ་རྟོག་པ་ཀུན་འཇོམས་དཀར་ལྗང་ཐོད་དབྱུག་དང་། འོག་ཕྱོགས་སུ་རྡོ་རྗེ་གཏུམ་པོ་མཐིང་ནག་རྡོ་རྗེ་དང་སྡིག་མཛུབ་མཛད་པ། ཞེས་སོ།