From Rangjung Yeshe Wiki - Dharma Dictionary
Jump to navigation
Jump to search
བློ་བཟང་བསྟན་པ་ (1)
| Part of speech
|
མིང་ཚིག
|
| Definition
|
རྒྱུད་སྟོད་མཁན་ཐོག་ ༥༨ པ་རྣམ་ཐར་མ་རྙེད།
|
བློ་བཟང་བསྟན་པ་ (2)
| Part of speech
|
མིང་ཚིག
|
| Definition
|
རྒྱུད་སྟོད་མཁན་ཐོག་ ༨༡ པ་རྣམ་ཐར་མ་རྙེད།
|
བློ་བཟང་བསྟན་པ་ (3)
| Part of speech
|
མིང་ཚིག
|
| Definition
|
རྒྱུད་སྟོད་མཁན་ཐོག་ ༡༡༢ བློ་བཟང་བསྟན་པ་མཆོག་ནི། བྲག་གཡབ་བྱམས་མདུན་དུ་སྐུ་འཁྲུངས་ཤིང། གཞོན་ནུའི་དུས་བྲག་གཡབ་བུ་མགོན་དུ་ཆོས་ཞུགས་མཛད། རིམ་བཞིན་ཡུལ་དབུས་སུ་ཕེབས་ཏེ། དགའ་ཤར་ནོར་གླིང་གྲྭ་ཚང་དུ་སློབ་གཉེར་མཛད། བྲག་གཡབ་དགེ་བཤེས་ཚུལ་ཁྲིམས་སོགས་མཁས་པ་མང་པོ་གཙུག་གི་རྒྱན་དུ་བསྟེན་ནས་གསན་བསམ་མཐར་ཕྱིན་པར་གྱུར་ཏེ་སྨོན་ལམ་གྲྭ་སྐོར་དམ་བཅའི་ལྷ་རམས་ཨང་བཞི་པའི་མཚན་གནས་བཞེས། སྨོན་ལམ་གྲུབ་རྗེས་དཔལ་ལྡན་རྒྱུད་སྟོད་གྲྭ་ཚང་དུ་ཞུགས་ཏེ་རྒྱུད་པའི་སྒྲིགས་ཁྲིམས་ཆོས་ཐོག་བསྐོར་བ་སོགས་གསང་སྔགས་བླ་མེད་ཀྱི་ཉམས་བཞེས་རྩེ་གཅིག་ཏུ་གཞོལ་བཞིན་པའི་ངང། ༡༩༥༩ ལོར་བཙན་བྱོལ་དུ་ཕེབས་ནས་རིམ་བཞིན་རྒྱ་གར་བྱང་ཕྱོགས་ཌལ་ཧོར་རུ་ཤར་རྩེ་ཉག་རེ་ཁང་ཚན་དུ་བླ་སྤྲུལ་དགེ་བཤེས་གྲངས་ལས་འདས་པ་རྣམས་ལ་སློབ་ཁྲིད་མཛད་མུར། གོང་ས་མཆོག་ནས་རྒྱུད་སྟོད་ལྷ་རམས་དགེ་བཤེས་རྣམས་ལ་སྔགས་ཀྱི་རྩོད་རྒྱུགས་བཞེས་པས་སྔགས་རམས་ཨང་གཉིས་པའི་མཚན་གནས་བཞེས། བླ་དབུ་དང་རིམ་བཞིན་མཁན་ཁྲིར་ཕེབས་ཏེ་གྲྭ་ཚང་གི་འཆད་ཉན་འགྲེེལ་པ་བཞི་སྦྲགས་ཀྱི་མཚོན་པའི་བསྐྱེད་རྫོགས་ཁག་དཔེ་ཁྲིད་སོགས་ཚུལ་བཞིནམཛད། མཁན་པོའི་ཁྲི་བཤོལ་གྲུབ་རྗེས་རྒྱུད་སྟོད་གྲྭ་ཚང་འབུམ་ལར་བསྟན་འཛིན་སྒང་དུ་བོད་མིའི་གཞི་ཆགས་སུ་གནས་སྤོས་གྲུབ་རྗེས་ཀྱང་དེ་གའི་གྲྭ་རྒྱུན་རྣམས་ལ་སློབ་ཁྲིད་དང་། མི་མང་ལའང་དུས་ནས་དུས་སུ་རྗེས་གནང་སོགས་ཆོས་འབྲེལ་ལེགས་པར་བསྐྱངས། དེ་ནས་རིམ་པས་དགའ་ལྡན་ཆོས་སྒར་དུ་ཆིབས་བསྒྱུར་གྱིས་ཉག་རེ་ཁྲི་སྤྲུལ་ཡང་སྲིད་རིན་པོ་ཆེའི་ཡོངས་འཛིན་དང་། གདན་སར་དགེ་བཤེས་བླ་སྤྲུལ་ཁག་ལ་མདོ་སྔགས་ཀྱི་གཞུང་ལུགས་རྒྱ་མཚོའི་གསུང་ཆོས་གནང་བཞིན་པའི་ངང་དགའ་ལྡན་རྣམ་པར་རྒྱལ་བའི་གླིང་དུ་སྐུ་གཤེགས།
|