49359
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | རབ་བྱུང་བཅུ་གཅིག་པའི་མེ་སྟག་ཕྱི་ལོ་ ༡༦༨༦ ལོར་མདོ་སྨད་ཅོ་ནེ་ཨ་བཟི་ཐང་ཡུ་གུར་སྡེ་བར་ཡབ་ཧོར་ལྷ་སྐྱབས་དང་། ཡུམ་ཚེ་རིང་འཚོ་གཉིས་ཀྱི་སྲས་སུ་འཁྲུངས། དགུང་ལོ་བཅོ་ལྔ་པར་གུར་ཡག་རི་ཁྲོད་ལས་རྗེ་ནེའུ་མགོ་པ་ངག་དབང་རྒྱལ་མཚན་ལས་རབ་ཏུ་བྱུང་། ཡི་གེའི་འབྲི་ཀློག་ནས་མགོ་བཟུང་སྐྱབས་འགྲོ་དང་། འདོན་ཆ། སུམ་རྟགས། དག་ཡིག་སྔགས་ཀློག་ཐབས་བཅས་ལ་སྦྱངས། ཉེར་དྲུག་པར་དབུས་སུ་བྱོན། ཁྲི་ཆེན་བློ་བཟང་དར་རྒྱས་ལས་བསྙེན་པར་རྫོགས། དབུས་དང་གཙང་གི་གནས་མང་པོར་མཇལ་རྗེས་རང་ཡུལ་དུ་ཕེབས། སོ་གཅིག་པར་གུར་ཡག་རི་ཁྲོད་བསམ་གཏན་གླིང་བསྐྱངས། ཅོ་ནེ་དཔོན་པོ་འཇམ་དབྱངས་ནོར་བུའི་བླ་མར་གྱུར། རབ་བྱུང་བཅུ་གསུམ་པའི་ས་སྦྲུལ་ཕྱི་ལོ ༡༧༤༩ ལོར་གུར་ཡག་རི་ཁྲོད་དུ་སྐུ་གཤེགས། སློབ་མ་གྲགས་ཆེ་བ་ནི་བདེ་ཐང་སྤྲུལ་སྐུ་ཚུལ་ཁྲིམས་རྣམ་རྒྱལ་དང་། སྟག་ཚང་དཔོན་སློབ། ཐང་ཚང་དཔོན་སློབ། ཅོ་ནེ་དཔོན་པོ་འཇམ་དབྱངས་ནོར་བུ། དེའི་གཅུང་བློ་བཟང་དཔལ་འབྱོར་སོགས་ཡིན། གསུང་རྩོམ་ནི་དག་ཡིག་ཚིག་དོན་གསལ་བྱེད་དང་། ཡི་གེའི་འཁྲུལ་སྤོང་། སྔགས་བཀླགས་ཐབས་ཀྱི་ཚིག་དོན་བཀྲལ་ཏེ་བཤད་པ་ནོར་བུའི་ཕྲེང་བ་སོགས་ཐུན་མོང་རིག་གནས་སྐོར་གྱི་རྩོམ་མང་པོ་ཡོད། ། |