49360

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
བློ་བཟང་ཡེ་ཤེས་ (1)
Part of speech མིང་ཚིག
Definition རབ་བྱུང་བཅུ་གཅིག་པའི་ཆུ་ཡོས་ཕྱི་ལོ་ ༡༦༦༣ ལོར་གཙང་ཐོབ་རྒྱལ་གྱི་ཡུལ་དུ་ཡབ་བྲུལ་ཚང་བའི་གདུང་རྒྱུད་ཞབས་དྲུང་བསོད་ནམས་དབང་གྲགས་དང་། ཡུམ་ཚེ་བརྟན་བུ་ཁྲིད་གཉིས་ཀྱི་སྲས་སུ་འཁྲུངས། དགུང་ལོ་བཞི་པར་རྒྱལ་བ་ལྔ་པས་པཎ་ཆེན་སྐུ་ཕྲེང་བཞི་པའི་སྤྲུལ་སྐུར་ངོས་བཟུང་། བཀྲ་ཤིས་ལྷུན་པོའི་གསེར་ཁྲིར་མངའ་གསོལ། བརྒྱད་པར་པོ་ཏ་ལའི་གཟིམ་ཆུང་ཁམས་གསུམ་རྣམ་རྒྱལ་གྱི་ནང་དུ་རྒྱལ་བ་བློ་བཟང་རྒྱ་མཚོ་ལས་དགེ་ཚུལ་གྱི་སྡོམ་པ་བཞེས། ཉེར་གཉིས་པར་སྔགས་ཆེན་ཀུན་མཆོག་རྒྱལ་མཚན་ལས་བསྙེན་པར་རྫོགས། སོ་ལྔ་བར་རྒྱལ་བ་ཚངས་དབྱངས་རྒྱ་མཚོ་ལ་རབ་བྱུང་དགེ་ཚུལ་གྱི་སྡོམ་པ་གནང་། ལྔ་བཅུ་པར་གོང་མ་ཁང་ཞིས་བཀའ་ཡིས་བཀུར་བའི་པཎ་ཆེན་ཨེར་ཏི་ནི་ཞེས་པའི་གསེར་ཐམ་དང་འཇའ་ས་ཕུལ། འདི་ནས་པཎ་ཆེན་སྐུ་ཕྲེང་རིམ་བྱོན་ལ་ཨེར་ཏི་ནིའི་མཚན་སྙན་ཐོབ། ང་བདུན་པར་རྒྱལ་བ་བསྐལ་བཟང་རྒྱ་མཚོར་དགེ་ཚུལ་གྱི་སྡོམ་པ་གནང། རབ་བྱུང་བཅུ་གཉིས་པའི་མེ་སྦྲུལ་ཕྱི་ལོ་ ༡༧༣༧ ལོར་བཀྲ་ཤིས་ལྷུན་པོར་སྐུ་གཤེགས། གསུང་རྩོམ་ནི་རྣམ་ཐར། སྙན་ངག དཀར་ཆག ཐོབ་ཡིག སྒྲུབ་ཐབས། རྣམ་བཤད། གསོལ་འདེབས་བཅས་ཆོས་ཚན་མང་བའི་པོ་ཏི་བཞི་བཞུགས།